གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཐད་མཛུབ་སྟོན་གནང་།

སྤེལ་དུས་: 2024ལོ་10ཟླ་21ཚེས་ 11:08 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་དུས་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་ནས། རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གཏོད་པ་ནི་རང་རྒྱལ་གྱིས་བསྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། ལོ་ངོ་ ༤༠ ལྷག་གི་རིང་། རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་སྒོ་དབྱེ་རྒྱ་སྐྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བསྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། དཀའ་སྤྱད་འབད་བརྩོན་དང་འབད་འབུངས་ཡར་བརྩོན་བཅས་བྱས་པས། སྒོ་དབྱེའི་རྣམ་པའི་དཔལ་འབྱོར་སྒྲིག་གཞི་གསར་པ་འཛུགས་རྒྱུ་དང་། ཁྱབ་ཁོངས་མཐུན་སྦྱོར་གོང་འཕེལ་དང་ཐོན་ལས་སྤུས་མཐོའི་གོང་འཕེལ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། དུས་རབས་གསར་པའི་རྒྱང་ལམ་གསར་པའི་ཐོག རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་བཅས་ཀྱི་ཐོག ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་གཞིགས་ཏེ། གསར་གཏོད་ཀྱི་གསོན་ཤུགས་དང་ནང་སྐྱེས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱེད་དགོས་པ་དང་། གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་པའི་ནང་ཧུར་ཐག་ཞུགས་ཤིང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བརྟེན་ནས་བསྒྱུར་བཅོས་གཏིང་ཟབ་དང་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། དཔའ་ངར་ཆེན་པོས་བསྒྱུར་བཅོས་སྒོ་དབྱེའི་སྣེ་ཁྲིད་དམག་བྱས་ནས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་སྒྲིག་གཞི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། སྤུས་ཚད་མཐོ་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ནང་ཧུར་ཐག་ཞུགས་པ། རྒྱལ་སྤྱིའི་མཉམ་ལས་རྒྱ་སྐྱེད་གཏོང་བ། ཚོང་འགུག་མ་འདྲེན་གྱི་ཐབས་ལམ་གསར་གཏོད་བྱེད་པ། ཀྲུང་གོར་མ་འཇོག་བྱེད་ཅེས་པའི་སྤུས་རྟགས་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་རྨང་གཞི་བརྟན་དུ་དང་རིམ་སྤོར་བྱེད་པ་དང་། ཐོན་ལས་རྩེར་སོན་ཅན་དང་ལྗང་མདོག་ཅན། གྲངས་འཛིན་ཅན་བཅས་ལ་སྐུལ་འདེད་གཏོང་བ། གྲངས་འཛིན་ཐོན་ལས་དང་མ་འོངས་ཐོན་ལས་གཏོད་པ་བཅས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

རྒྱལ་ཁབ་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་བཙུགས་ནས་ལོ་ངོ་ ༤༠ འཁོར་བའི་བཞུགས་མོལ་ཚོགས་འདུ་དེ་ཚེས ༢༠ ཉིན་ཐེན་ཅིན་དུ་འཚོགས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་གིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་མ་ཟད་གསུང་བཤད་གནང་ཡོད། ཧོ་ལི་ཧྥུང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནི་དུས་རབས་གསར་པའི་རྒྱང་ལམ་གསར་པའི་ཐོག་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་གོང་འཕེལ་ལ་འཕྲད་པའི་དུས་བབ་གསར་པར་ངོས་འཛིན་གཏིང་ཟབ་བྱེད་པ། ལྟེ་བར་གཞིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྒྲིག་གཞི་ལམ་སྲོལ་བསྒྱུར་བཅོས་གསར་གཏོད་ཀྱི་ཚོད་ལྟའི་ཁུལ་གཏོད་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་མཁན་གྱི་སྔོན་སྐྱོད་པ་ཡག་པོ་ཞིག་བྱེད་པ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བའི་དཔེ་སྟོན་ཁུལ་འཛུགས་པ། ཁྱབ་ཁོངས་སྒོ་དབྱེ་དང་ཁྱབ་ཁོངས་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་མཁན་ཞིག་བྱེད་པ་བཅས་ཀྱི་ཐོག་ནས། དཔལ་འབྱོར་བརྗེ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་མཁན་དང་གོང་འཕེལ་གྱི་གནས་སྟངས་གསར་པ་འཛུགས་རྒྱུར་ཞབས་འདེགས་ཞུ་མཁན་གྱི་གསོན་ཤུགས་དམག་ལ་གྱུར་བ་བྱས་ནས། དཔལ་འབྱོར་གསར་སྤེལ་ཁུལ་གྱི་ལས་ཀའི་རྣམ་པ་གསར་པ་འབད་པས་གཏོད་དགོས་ཞེས་བསྟན་གནང་ཡོད།

ཚོང་དོན་པུའུ་དང་། ཀྲུང་དབྱང་ལས་ཁུངས་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རང་བྱུང་ཐོན་ཁུངས་པུའུ་བཅས་དང་། ཐེན་ཅིན་དང་ཅང་སུའུ། ཨན་ཧུའེ། ཀོང་ཞི། དེ་བཞིན་རྒྱལ་ཁབ་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་ཁག་གཅིག་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་སྤེལ་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཧྥུ་ཅན་དུ་རྟོག་ཞིབ་གནང་བ། ཞི་ཅིན་ཕིང་ནས་དམག་དོན་རིཊ་པའི་གཞུང་ལུཊ་ལས་དོན་ཐད་མཛུབ་སྟོན་གནང་། ཞི་ཅིན་ཕིང་ནས་བགྲེས་སོང་བྱ་སྤྱོད་ཀྱི་དང་བླངས་པར་འཕྲིན་ལན་སྤྲིངས། ཞི་ཅིན་ཕིང་ནས་མི་རིཊ་མཐུན་སྒྲིལ་སྐོར་ལ་འདི་ལྟར་བསྟན།