གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་དིང་རི་རྫོང་གི་ས་ཡོམ་ཐད་མཛུབ་སྟོན་གལ་ཆེན་གནང་བ།

སྤེལ་དུས་: 2025ལོ་01ཟླ་08ཚེས་ 10:56 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

པེ་ཅིང་གི་དུས་ཚོད་ཟླ ༡ ཚེས ༧ ཉིན་གྱི་ཆུ་ཚོད ༩ སྐར་མ ༥ ཡི་ཐོག བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ ༦.༨ བརྒྱབ་ནས་མི་སྣ་ཤི་རྨས་ཚབས་ཆེན་བཟོས་པ་དང་ཁང་པ་འབོར་ཆེན་བརྡིབས་ཡོད།

ས་ཡོམ་བརྒྱབ་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཐོང་ཆེན་པོ་གནང་བ་མ་ཟད་མཛུབ་སྟོན་གལ་ཆེན་གནང་ཡོད། ཁོང་གིས། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་ ༦.༨ བརྒྱབ་ནས་མི་སྣ་ཤི་རྨས་ཚབས་ཆེན་བཟོས་ཡོད། ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱས་ནས། གང་ཐུབ་ཅི་ཐུབ་ཀྱིས་མི་སྣ་ཤི་རྨས་ཉུང་དུ་གཏོང་བ་དང་། ཞོར་ཐོན་གནོད་འཚེ་བཀག་འགོག་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱེད་དགོས་ཤིང་། རྗེས་འཇུག་ལས་དོན་ཡག་པོ་བསྒྲུབ་དགོས། གནོད་འཚེའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། དུས་ཐོག་ཏུ་གནོད་སེལ་གེགས་སྐྱོབ་དངོས་རྫས་གཏོང་སྤྲོད་བྱེད་པ། དུས་ཚོད་དམ་འཛིན་གྱིས་གནོད་འཚེ་ཕོག་པའི་རྨང་གཞིའི་སྒྲིག་ཆས་ཉམས་བཟོ་བྱེད་པ། མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཐད་བཀོད་སྒྲིག་ཡག་པོ་བྱེད་པ་བཅས་བྱས་ཏེ། མང་ཚོགས་རྣམས་བདེ་འཇགས་དང་དྲོ་པོའི་ངང་དགུན་ཁ་འགྲིམ་ཐུབ་པ་བྱ་དགོས་ཞེས་བསྟན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་འགོད་མཛུབ་སྟོན་གནང་སྟེ། གནོད་འཚེའི་གནས་ཚུལ་དང་མི་སྣ་ཤི་རྨས་ཀྱི་གནས་ཚུལ་ལ་དུས་ཚོད་དམ་འཛིན་གྱིས་ཞིབ་དཔྱད་བྱེད་དགོས་པ་དང་།ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་སྒྲིག་འཛུགས་བྱེད་པ་མ་ཟད། ས་ཡོམ་གྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཞོར་ཐོན་གནོད་འཚེ་སྣ་ཚོགས་སྔོན་འགོག་བྱས་ནས། མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། ས་ཡོམ་གནོད་འཚེ་ཕོག་ཁུལ་ནི་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ཁུལ་ཡིན་པ་མ་ཟད། ད་ལྟ་དགུན་དུས་ཡིན་པས། ཐབས་བརྒྱ་ཇུས་སྟོང་ངང་གནོད་འཚེ་ཕོག་པའི་ས་ཁུལ་གྱི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་དང་ཁོང་ཚོ་དྲོ་པོའི་ངང་དགུན་ཁ་འགྲིམ་ཐུབ་པ་བྱ་རྒྱུར་འགན་སྲུང་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཆང་གི་བླང་བྱ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་ས་གནས་ས་ཐོག་ཏུ་རོགས་སྐྱོབ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་ཡོད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་གཞུང་ལས་ཁང་དང་འཕྲལ་སྒྲུབ་དོ་དམ་པུའུ་ཡིས་རྒྱལ་ཁབ་ཀྱི་ས་ཡོམ་རིམ་པ་གསུམ་པའི་འཕྲལ་སྒྲུབ་ལན་ཆ་བྱས་ཡོད་ཅིང་། བོད་རང་སྐྱོང་ལྗོངས་ཀྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་ཡོད། ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཨ་རིའི་ཝ་ཧྲིང་ཐོན་ཀྲོའུ་སློབ་འབྲིང་གི་དགེ་སློབ་འཐུས་མིར་ལོ་གསར་གྱི་རྟེན་འབྲེལ་འཕྲིན་ལན་སློག་གནང་བ། ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་གིས་ལས་བྱེད་མང་ཚོཊ་ལ་སྐུལ་མ་ཐེབས་པ། ཞི་ཅིན་ཕིང་གིས་ཧའེ་ནན་གྱི་ལས་དོན་སྙན་སེང་གསན་པ། ཆའོ་ཧྲི་འཁྲུངས་ནས་ལོ༡༠༠འཁོར་བར་དྲན་གསོའི་བཞུཊ་མོལ་ཚོཊ་འདུ་འཚོཊ།