གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

༼བདེན་འཚོལ༽དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།

སྤེལ་དུས་: 2025ལོ་05ཟླ་16ཚེས་ 12:36 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༥ པའི་ཚེས ༡༦ ཉིན་དཔེ་སྐྲུན་བྱས་པའི༼བདེན་འཚོལ༽དུས་དེབ་འདོན་ཐེངས ༡༠ པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན༼ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་བྱས་ཏེ། ཏང་སྲོལ་བཟང་པོར་བརྟེན་ནས་སྤྱི་སྲོལ་དང་དམངས་སྲོལ་ལ་ཁྲིད་སྟོན་བྱེད་དགོས༽ཞེས་པ་སྤེལ་ཡོད། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི ༢༠༢༡ ལོའི་ཟླ ༡༢ པ་ནས ༢༠༢༥ ལོའི་ཟླ ༣ པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་གནད་བཏུས་ཡིན་པ་རེད།

རྩོམ་ཡིག་ནང་། ཏང་སྲོལ་གནད་དོན་ནི་སྲིད་འཛིན་ཏང་གི་འཆི་སྲོན་ཆགས་འཇིག་དང་འབྲེལ་བ་ཡོད་པ་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཏང་ནང་ཁུལ་དུ་གནས་པའི་གནད་དོན་སྣ་ཚོགས་དང་ཞན་ཆར་དམིགས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འཁེལ་དང་ལག་བསྟར་བྱེད་པ་ནས་འགོ་བརྩམས་ཏེ། དུས་བབ་གསར་པའི་འོག་སྤྱོད་ཚུལ་འཛུགས་སྐྱོང་ཁྲོད་ཅི་ཞིག་དམ་འཛིན་བྱེད་དགོས་པ་དང་། ཇི་ལྟར་བྱས་ཏེ་དམ་འཛིན་བྱེད་དགོས་པའི་གནད་དོན་ཐག་གཅོད་བྱས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་ཡོད། དུས་བབ་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་བྱས་པ་བརྒྱུད། ཏང་སྲོལ་སྲིད་སྲོལ་རྣམ་པ་གསར་རྐྱང་དུ་གྱུར་བ་དང་། སྤྱི་སྲོལ་དམངས་སྲོལ་རྒྱུན་མཐུད་ལེགས་ཕྱོགས་སུ་གོང་འཕེལ་ཕྱིན་ནས། ཏང་གིས་མང་ཚོགས་སེམས་ནང་བཞག་པའི་གཟུགས་བརྙན་བསྐྱར་བཞེངས་བྱས་ཡོད་ཅེས་ནན་སྟོན་བྱས་ཡོད།

རྩོམ་ཡིག་ནང་། གཏན་འབེབས་དོན་ཚན་བརྒྱད་ཀྱི་མཛུབ་སྟོན་དགོངས་དོན་ནི་བླང་བྱ་ནན་པོ་འདོན་པ་དེ་ཡིན་པ་དང་། དེའི་ཐོག་ནས་ཏང་གིས་ཏང་དོ་དམ་དང་ཏང་ནན་པོས་སྐྱོང་དགོས་པ་མངོན་པ། ཀྲུང་དབྱང་ཆབ་སྲིད་ཅུས་ནས་འགོ་བརྩམས་ཏེ་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་དེ་ལས་ཀའི་སྤྱོད་ཚུལ་ལེགས་བཅོས་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་ནན་པོ་བྱེད་དགོས་པའི་རྒྱུ་མཚན་ནི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཡོངས་ཀྱིས་སྤྱོད་ཚུལ་ལེགས་བཅོས་བྱ་རྒྱུར་མིག་དཔེ་བཟང་པོ་སྟོན་ཆེད་ཡིན། རིམ་ཁག་འགོ་ཁྲིད་ལས་བྱེད་པས་གོང་རིམ་གྱིས་འོག་རིམ་ལ་མིག་དཔེ་སྟོན་པ་དང་། གོང་ནས་འོག་ཏུ་སྤེལ་བ། རིམ་པ་གཅིག་གིས་གཅིག་ལ་སྣེ་ཁྲིད་དང་། རིམ་པ་གཅིག་གིས་གཅིག་ལ་མིག་དཔེ་སྟོན་པ་བཅས་བྱས་ཐོག རང་འགུལ་ངང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། ང་ཚོས་དམ་འཛིན་ངོ་མ་བྱེད་ཐུབ་ཚེ། ཐག་གཅོད་མི་ཐུབ་པའི་གནད་དོན་གཅིག་ཀྱང་ཡོད་མི་སྲིད་ཅེས་བསྟན་ཡོད།

རྩོམ་ཡིག་ནང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འབེབས་དང་ལག་ལེན་བསྟར་བ་ནི་རང་རེའི་ཏང་གིས་དུས་རབས་གསར་པར་ཡིད་ཆེས་འཛུགས་པའི་བྱ་ཐབས་ཡིན་པས། ངེས་པར་དུ་རྒྱུན་འཛིན་ལྷོད་མེད་དང་། སྙིང་རུས་གཏན་འཁྱོངས་བྱེད་དགོས་པ་དང་། ལོ་བཅུས་མི་འདང་བ་ཡིན་ན་ལོ་ཉི་ཤུ་དང་། ལོ་ཉི་ཤུས་མི་འདང་བ་ཡིན་ན་ལོ་སུམ་ཅུ་རྒྱུན་འཁྱོངས་བྱས་ནས། གོམས་གཤིས་དེ་གོམས་སྲོལ་ལ་མ་འགྱུར་བར། ཏང་སྲོལ་བཟང་པོས་སྤྱི་སྲོལ་དང་དམངས་སྲོལ་བཟང་པོར་སྣེ་ཁྲིད་བྱེད་དགོས། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་ཐག་བཅད་ཡོད། དེ་ནི་ད་ལོའི་ཏང་འཛུགས་ལས་དོན་གྱི་ལས་འགན་གལ་ཆེན་ཞིག་ཡིན། རིམ་ཁག་ཏང་རྩ་འཛུགས་ཀྱིས་སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ནས། ཏང་ཡོན་དང་ལས་བྱེད་པས་ངེས་ཤུགས་ཆེ་རུ་གཏོང་བ་དང་གོམས་གཤིས་འཇགས་པ་བྱེད་པ་དང་། སྤྱོད་ཚུལ་བཟང་པོར་བརྟེན་ནས་སེམས་ནུས་གཅིག་སྒྲིལ་དང་ལས་སྒྲུབ་ལས་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཧོ་ནན་དུ་གནང་བའི་གསུང་བཤད་ལ་ལན་ཆ་ཆེན་པོ་བྱུང་བ། ཞི་ཅིན་ཕིང་ཚོགས་འདུ་འདིའི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ། ཞི་ཅིན་ཕིང་མོ་སི་ཁོར་ཕེབས་འབྱོར་ཟིན་པ། ཞི་ཅིན་ཕིང་ནས་ཀ་ཕོང་གི་གསར་འདེམས་ཙུང་ཐུང་ལ་ཤིས་འཕྲིན་སྤྲིངས།