གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་པར་ཙིར་གྱི་ཙུང་ཐུང་དང་ཞལ་པར་བསྐྱོན་པ།

སྤེལ་དུས་: 2025ལོ་08ཟླ་13ཚེས་ 10:32 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ ༨ ཚེས ༡༢ ཉིན་ཞལ་ཆད་ལྟར་པར་ཙིར་གྱི་ཙུང་ཐུང་ལུའུ་ལ་དང་ཞལ་པར་བསྐྱོན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད། ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་དང་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་འགོ་ཡག་པོ་ཚུགས་ཡོད་པ་དང་འཕེལ་རྒྱས་བདེ་བླག་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་ཕྱོགས་དང་མཉམ་དུ་གོ་སྐབས་དམ་འཛིན་གྱིས་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་བརྒྱབ་སྟེ། གཉིས་ཕན་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་གཏོད་པ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཆེན་པོའི་མཐུན་སྒྲིལ་དང་རང་སྟོབས་རང་སྤེལ་གྱི་དཔེ་བཟང་གཏོད་ཅིང་། ལག་གདང་སྦྲེལ་ནས་དེ་བས་དྲང་གཞག་གི་འཛམ་གླིང་དང་དེ་བས་རྒྱུན་མཐུད་ཐུབ་པའི་སྐར་མའི་གོ་ལ་ཞིག་བསྐྲུན་འདོད་ཡོད་ཅེས་བསྟན་གནང་ཡོད།

ལུའུ་ལ་ཡིས། པར་ཙིར་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་ཡོད། ལུའུ་ལ་ཡིས་པར་ཙིར་དང་ཨ་རིའི་འབྲེལ་བའི་ཉེ་དུས་ཀྱི་གནས་ཚུལ་དང་དེ་བཞིན་པར་ཙིར་ཕྱོགས་ཀྱིས་རང་ངོས་ཀྱི་བདག་དབང་སྲུང་སྐྱོང་བརྟན་པོ་བྱེད་པའི་རྩ་དོན་ལངས་ཕྱོགས་ངོ་སྤྲོད་གནང་བ་དང་། ཀྲུང་གོས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་རང་མོས་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་བྱ་དོན་ཁྲོད་འགན་འཁུར་བའི་ནུས་པ་འདོན་སྤེལ་བྱེད་པ་བཅས་ལ་བསྔགས་བརྗོད་གནང་ཡོད་ཅིང་། པར་ཙིར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབོ་གསེར་སོགས་ཕྱོགས་མང་ལམ་སྲོལ་ཁྲོད་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་རྐྱང་པའི་བཙན་ཤེད་བྱ་སྤྱོད་ལ་ངོ་རྒོལ་བྱས་ནས། རྒྱལ་ཁབ་ཁག་གི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། པར་ཙིར་ཕྱོགས་ཀྱིས་རང་ངོས་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་བྱས་ཏེ། ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་དར་ཆ་གསལ་བཏོན་གྱིས་ངོ་རྒོལ་བྱ་དགོས། འབོ་གསེར་ལམ་སྲོལ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་པས། པར་ཙིར་གྱིས་ལེགས་གྲུབ་ལྡན་པའི་ངང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཚོགས་འདུ་འཚོགས་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱ་དགོས། ཀྲུང་གོ་དང་པར་ཙིར་གྱིས་མུ་མཐུད་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་གི་པེ་ལུན་ཚོགས་ཆེན་ལེགས་གྲུབ་ལྡན་པའི་ངང་འཚོགས་པར་འགན་ལེན་བྱེད་དགོས་ཤིང་།  ཞི་བདེའི་མཛའ་གྲོགས་ཚོགས་ཆུང་གིས་ཡུག་རེན་གྱི་ཉམས་ཉེན་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུར་ནུས་པ་འདོན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་གནང་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

རྒྱལ་ཁབ་སྟོབས་ཆེན་འཛུཊ་ཆེད་རིག་གནས་ཀྱི་རྨང་གཞི་འདི་ལྟར་འདིང་། ཞི་ཅིན་ཕིང་གིས་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཉེར་བརྒྱད་པ་འཚོགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ། ཞི་ཅིན་ཕིང་ནས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྲོས་ཚོཊ་ཐོག་བསྟན་དོན། ཞི་ཅིན་ཕིང་དང་ཁྲ་པོས་ཕན་ཚུན་ཤིས་འཕྲིན་སྤྲིངས་པ།