གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གི་དམག་སྟོབས་དམག་དར་སྐོར་གྱི་དེབ་བཞི་པ་པར་འགྲེམས་བྱས།

སྤེལ་དུས་: 2025ལོ་08ཟླ་19ཚེས་ 11:31 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟམ་མི་ཆད་པར་གཏིང་ཟབ་བྱས་ཏེ། དམག་ཡོངས་ཀྱི་དཔོན་དམག་རྣམས་ནས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ཇི་མ་ཇི་བཞིན་དང་ཁྱོན་ཡོངས། མ་ལག་ལྡན་པ་བཅས་ཀྱི་སྒོ་ནས་སློབ་སྦྱོང་དང་གོ་བ་ལེན་རྒྱུར་རོགས་རམ་བྱ་རྒྱུ་དང་།  གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་རྒྱུ། སྲོག་ཤིང་ལ་སྲུང་སྐྱོང་དང་བཀོད་འདོམས་ལ་ཉན་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཀྱི་ཆེད་དུ། ཀྲུང་དབྱང་དམག་ཨུད་ཀྱིས་ཆོག་མཆན་སྤྲད་པ་བརྒྱུད། དམག་ཨུད་ཆབ་སྲིད་ལས་དོན་པུའུ་ཡིས་སྒྲིག་འཛུགས་བྱས་ཏེ༼ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་རྒྱུའི་སྐོར་གླེང་བ།ཁ༿ག་བཞི་པ༾༽རྩོམ་སྒྲིག་དང་པར་སྐྲུན་བྱས་པ་དང་། ཉིན་ཤས་གོང་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།

ཀྲུང་དབྱང་དམག་ཨུད་ཀྱིས་ཉེ་ཆར་བརྡ་ཐོ་བཏང་ནས། དམག་ཡོངས་ཀྱིས་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུའི་ཐད་བཀོད་སྒྲིག་བྱས་ཡོད་པ་དང་། རིམ་པ་ཁག་གིས་སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ༼ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་རྒྱུའི་སྐོར་གླེང་བ།ཁ༿ག་བཞི་པ༾༽སློབ་སྦྱོང་བྱ་རྒྱུ་དེ༼ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་རྒྱུའི་སྐོར་གླེང་བ༽ཞེས་པ་དང་༼ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་རྒྱུའི་སྐོར་གླེང་བཁ༿ག་གཉིས་པ༾༽༼ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་རྒྱུའི་སྐོར་གླེང་བཁ༿ག་གསུམ་པ༾༽༼ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་རྒྱུའི་དགོངས་པའི་སློབ་སྦྱོང་རྩ་གནད༢༿༠༢༣ལོའི་པར་གཞི༾༽སོགས་དང་ཟུང་འབྲེལ་བྱས་ཏེ། རྒྱུན་སྲིང་ལྷོད་མེད་ངང་མ་རྩོམ་ཀློག་པ་དང་མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པ་བཅས་བྱས་ནས། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ཟུང་འབྲེལ་གྱིས་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་རྟོགས་པ་བྱ་རྒྱུར་སྣང་ཆེན་བྱེད་པ་དང་། དེའི་ནང་འདུས་པའི་བྱ་དངོས་ཀྱི་ཆོས་ཉིད་དང་ཚན་རིག་གི་ཆོས་ཉིད། འཇིག་རྟེན་ཁམས་ཀྱི་ཆོས་ཉིད་བཅས་སྔར་ལས་ལེགས་པར་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་སློབ་སྦྱོང་དང་། ལས་བྱེད་པའི་རིགས་པའི་གཞུང་ལུགས་རེས་འཁོར་སྦྱོང་བརྡར། དཔུང་སྡེའི་བསམ་བློ་ཆབ་སྲིད་སློབ་གསོ་དང་སློབ་གྲྭའི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་ཁྲིད་བཅས་ཀྱི་ནང༼ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་རྒྱུའི་སྐོར་གླེང་བ། ཁ༿ག་བཞི་པ༾༽སློབ་སྦྱོང་བྱ་རྒྱུ་དེ་ནང་དོན་གལ་ཆེན་དུ་བརྩིས་ནས་སློབ་སྦྱོང་གི་འཆར་གཞིའི་ནང་བཅུག་སྟེ། གོ་བ་ལོན་པ་དང་ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱ་རྒྱུར་འབད་བརྩོན་བྱེད་དགོས་པ། ཆབ་སྲིད་ཀྱི་བཅོས་སྒྲིག་སྦྱོང་བརྡར་གཅིག་སྡུད་སྤེལ་བ་དང་ཟུང་འབྲེལ་གྱིས་དགོངས་པ་ཤེས་རྟོགས་བྱེད་པའི་ཁྲོད་ཆབ་སྲིད་སྦྱོང་བརྡར་དང་བསམ་བློ་བསྒྱུར་བཅོས་ལ་ཤུགས་སྣོན་བརྒྱབ་ནས། ཕུགས་བསམ་དད་སེམས་དང་། ཏང་གཤིས་གསོ་སྦྱོང་། དམག་དཔོན་གྱི་ཀུན་སྤྱོད་དང་གཤིས་རྒྱུད་སོགས་བསམ་བློའི་རྩ་བའི་གནད་དོན་སྔར་བས་ཐག་གཅོད་ལེགས་པོ་བྱས་ཏེ། ཆབ་སྲིད་ཀྱི་འབྱུང་ཁམས་མཐའ་གཅིག་ཏུ་ནུས་ལྡན་ངང་དྭངས་གཙང་བཟོ་བ་དང་། མི་དམངས་དམག་དཔུང་གི་དྭངས་གཙང་དང་གཟི་བརྗིད་སྲ་བརྟན་དུ་གཏོང་དགོས་པ། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་དངོས་སུ་སྦྱོང་བ་དང་དངོས་སུ་ཤེས་པ། དངོས་སུ་ཡིད་ཆེས། དངོས་སུ་སྤྱོད་པ་བཅས་བྱས་ཏེ། རང་ངོས་ཀྱི་སློབ་སྦྱོང་གྲུབ་འབྲས་སྤྱད་ནས་དཔོན་དམག་ལ་དྲིལ་བསྒྲགས་དང་ཟུར་ཁྲིད་ཡག་པོ་བྱ་རྒྱུར་མཐོང་ཆེན་བྱེད་དགོས་པ། རིམ་ཁག་ཆབ་སྲིད་ལས་དོན་སྡེ་ཚན་གྱིས་སློབ་སྦྱོང་ལ་མཛུབ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། རྒྱ་ཆེའི་རིགས་པའི་གཞུང་ལུགས་ལས་དོན་པས་མ་ལག་ཅན་དང་རིགས་གཞུང་ཅན་གྱི་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། དམག་དཔུང་གི་གསར་འགྱུར་སྨྱན་སྦྱོར་གྱིས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་དཔུང་སྡེའི་སློབ་སྦྱོང་ལག་བསྟར་གྱི་ཕན་འབྲས་གསོན་ཉམས་དོད་པོའི་སྒོ་ནས་མཚོན་པར་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་རྒྱུ་སྔར་བས་གཏིང་ཟབ་དང་སྔར་བས་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཕན་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་གི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་ཁྲིད་སྟོན་བརྟན་པོ་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་འབད་བརྩོན་ཆེན་པོས་འགག་སྒྲོལ་དང་འབད་བརྩོན་ཆེན་པོས་དམག་དཔུང་སྟོབས་ཆེར་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་བར་བྱེད་ཅིང་། དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་སྒྲུབ་པའི་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་དམག་དཔུང་བཙུགས་ནས་ལོ་༡༠༠འཁོར་བར་བསུ་བ་ཞུ་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གི་གསུང་རྩོམ་འདིའི་པོད་དང་པོ་དང་གཉིས་པ་པར་འགྲེམས་བྱས། ཞི་ཅིན་ཕིང་གིས་པར་ཙིར་གྱི་ཙུང་ཐུང་དང་ཞལ་པར་བསྐྱོན་པ། རྒྱལ་ཁབ་སྟོབས་ཆེན་འཛུཊ་ཆེད་རིག་གནས་ཀྱི་རྨང་གཞི་འདི་ལྟར་འདིང་། ཞི་ཅིན་ཕིང་གིས་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཉེར་བརྒྱད་པ་འཚོགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།