ཆ་འཕྲིན་ཁྱབ་བསྒྲགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > ཆ་འཕྲིན་ཁྱབ་བསྒྲགས།

བོད་ཀྱི་རྫོང་༼ ཆུས ༽༡༩དབུལ་གྲལ་ནས་ཕྱིར་འཐེན་བྱེད་པའི་སྤྱི་བསྒྲགས།

སྤེལ་དུས་: 2019ལོ་12ཟླ་23ཚེས་ 17:07 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༡༢ ཚེས ༢༣ ཉིན། བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་ཡིས་སྤྱི་བསྒྲགས་སྤེལ་བ་སྟེ། སྤྱི་ལོ ༢༠༡༩ ལོའི་ཟླ ༡༢ ཚེས ༩ ཉིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད། གཞིས་རྩེ་གྲོང་ཁྱེར་གྱི་བཞད་མཐོང་སྨོན་རྫོང་དང་། རྒྱལ་རྩེ་རྫོང་། ས་སྐྱ་རྫོང་། ས་དགའ་རྫོང་། ལྷ་རྩེ་རྫོང་། རྣམ་གླིང་རྫོང་བཅས་དང་། ཆབ་མདོ་གྲོང་ཁྱེར་གྱི་དཔའ་ཤོད་རྫོང་དང་། མཛོ་སྒང་རྫོང་། སྨར་ཁམས་རྫོང་། གོ་འཇོ་རྫོང་། བྲག་གཡབ་རྫོང་བཅས། ནག་ཆུ་གྲོང་ཁྱེར་གྱི་གསེར་རྙེད་ཆུས་དང་། སྦྲ་ཆེན་རྫོང་། ཉི་མ་རྫོང་། མཚོ་གཉིས་རྫོང་། ཤན་རྩྭ་རྫོང་བཅས། མངའ་རིས་ས་ཁུལ་གྱི་མཚོ་ཆེན་རྫོང་དང་། སྒེར་རྩེ་རྫོང་། དགེ་རྒྱས་རྫོང་བཅས་རྫོང་༼ཆུས༽ ༡༩ དབུལ་གྲལ་ནས་ཕྱིར་འཐེན་བྱས་པར་ཆོག་མཆན་སྤྲད་འདུག

ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་ཆུ་ཕུ་གྲོང་ཚོའི་གྲོང་མིས་སྡོད་ཁང་གསར་པར་གླུ་ལེན་གར་འཁྲབ་བྱེད་པ།

ཨ་མདོ་རྫོང་རྩྭ་རིང་གྲོང་རྡལ་གྲོང་ཚོ་གཉིས་པའི་གྲོང་མིས་ཁ་བཏགས་ཁྱེར་ཏེ་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་བྱུང་བར་རྟེན་འབྲེལ་ཞུ་བ།

སྤྱི་ལོ ༢༠༡༩ ལོར་རྫོང་༼ཆུས༽ ༡༩ དབུལ་གྲལ་ནས་ཕྱིར་འཐེན་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྤྱི་བསྒྲགས།

དབུལ་པོའི་གྲལ་ནས་ཕྱིར་འཐེན་བྱེད་པའི་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བསམ་འཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ།  ཐིང་ཡིག་ཨང[༢༠༡༦ ལོའི]༡༦ པ་དང་། གྲོང་ཚོ༼གྲོང་ལྷན༽དབུལ་གྲལ་ནས་ཕྱིར་འཐེན་དང་རྫོང་༼ཆུས༽དབུལ་པོའི་དབུལ་ཞྭ་འབུད་པའི་ཞིབ་དཔྱད་བྱ་ཐབས་པར་འགྲེམས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་བརྡ་ཐོ། བོད་ཏང་ཨུད་གཞུང་དོན་ཐིང་གིས་སྤེལ་བའི་ཡིག་ཨང[༢༠༡༦ལོའི]༣༣ པའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ལོ ༢༠༡༩ ལོར་དབུལ་ཞྭ་འབུད་རྒྱུའི་རྫོང་༼ཆུས༽ ༡༩ ཡིས་རྫོང་༼ཆུས༽གིས་འདུན་ཞུ་དང་། ས་ཁུལ་དང་གྲོང་ཁྱེར་གྱིས་ཐོག་མའི་ཞིབ་བཤེར། རང་སྐྱོང་ལྗོངས་ཀྱིས་ས་ཆ་དངོས་སུ་ཞིབ་དཔྱད་ཚོད་སྐོར་དང་ཡོངས་བསྒྲགས་བཅས་བྱས་རྗེས་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཞིབ་དཔྱད་བྱས་པ་བརྒྱུད། རྫོང་ཆུས་དེ་དག་དབུལ་པོའི་གྲལ་ནས་ཕྱིར་འཐེན་བྱེད་ཆོག་པའི་ཆ་རྐྱེན་དང་འཚམ་ཡོད། སྤྱི་ལོ ༢༠༡༩ ལོའི་ཟླ ༡༢ ཚེས ༩ ཉིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད། གཞིས་རྩེ་གྲོང་ཁྱེར་གྱི་བཞད་མཐོང་སྨོན་རྫོང་དང་། རྒྱལ་རྩེ་རྫོང་། ས་སྐྱ་རྫོང་། ས་དགའ་རྫོང་། ལྷ་རྩེ་རྫོང་། རྣམ་གླིང་རྫོང་བཅས་དང་། ཆབ་མདོ་གྲོང་ཁྱེར་གྱི་དཔའ་ཤོད་རྫོང་དང་། མཛོ་སྒང་རྫོང་། སྨར་ཁམས་རྫོང་། གོ་འཇོ་རྫོང་། བྲག་གཡབ་རྫོང་བཅས། ནག་ཆུ་གྲོང་ཁྱེར་གྱི་གསེར་རྙེད་ཆུས་དང་། སྦྲ་ཆེན་རྫོང་། ཉི་མ་རྫོང་། མཚོ་གཉིས་རྫོང་། ཤན་རྩྭ་རྫོང་བཅས། མངའ་རིས་ས་ཁུལ་གྱི་མཚོ་ཆེན་རྫོང་དང་། སྒེར་རྩེ་རྫོང་། དགེ་རྒྱས་རྫོང་བཅས་རྫོང་༼ཆུས༽ ༡༩ དབུལ་གྲལ་ནས་ཕྱིར་འཐེན་བྱེད་པར་ཆོག་མཆན་སྤྲད།

ཆེད་དུ་སྤྱི་བསྒྲགས་འདི་སྤེལ།

བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ།

སྤྱི་ལོ ༢༠༡༩ ལོའི་ཟླ ༡༢ ཚེས ༢༣ ཉིན།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

བོད་ཀྱིས་བྱ་ཐབས་ཁག༧བཏོན་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་རམ་འདེགས་བྱས་པ། གཞིས་རྩེས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ལྟ་སྐུལ་ཐེར་འདོན་བྱེད་གནས་འབྲེལ་གཏུག་ཁ་པར་བཙུགས་པའི་སྐོར་གྱི་སྤྱི་བསྒྲགས། གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་ཞབས་ཞུའི་ཐད་གཏོང་ཁ་པར་12319ཤར་གཏོང་བྱས་པ། 2018ལོའི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་ཏང་ནང་ཁུལ་གྱི་བསྡོམས་རྩིས་སྤྱི་བསྒྲགས།