གྲོང་ཁྱེར་ཡོངས་ཀྱིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་བའི་གློ་ཚད་རིམས་ནད་ལ་སྔོན་འགོག་ཚོད་འཛིན་ལས་དོན་སྔར་བས་ཡག་པོ་སྒྲུབ་རྒྱུ་དང་། སྤྱི་ཚོགས་དང་སྤྱི་དམངས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུ། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་འགན་གཙང་སྒྲུབ་བྱ་རྒྱུར་ལྟ་སྐུལ་བྱེད་རྒྱུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་དང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བྱ་ཐབས་བླང་བྱ་དོན་འཁྱོལ་བྱ་རྒྱུ། རྒྱ་ཆེའི་མང་ཚོགས་ཚོར་མཉམ་འགོག་མཉམ་བཅོས་ནང་ཧུར་ཐག་ཞུགས་ཆེད་ཁྲིད་སྟོན་བྱ་རྒྱུ། མི་དམངས་མང་ཚོགས་ལ་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་བཅས་ལ་དམིགས་ནས། ད་ལྟའི་གནས་བབ་དང་བསྟུན་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཁ་ཕྱོགས་ཏེ་ལྟ་སྐུལ་ཐེར་འདོན་ཁ་པར་ཡོངས་བསྒྲགས་བྱས་ཡོད། རྒྱ་ཆེའི་མི་དམངས་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་ནས། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྫོང༼ཆུས༽ཁག་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་ལྟ་སྐུལ་བྱེད་པའི་གནས་ཚུལ་གཤམ་གསལ་ལྟར་བཀོད་ཡོད།
༡.གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྫོང༼ཆུས༽ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ལས་དོན་མི་སྒྲུབ་པ་དང་། ལས་དོན་དུས་ཐོག་ཏུ་མི་སྒྲུབ་པ། བྱ་བ་གང་བྱུང་དུ་སྒྲུབ་པ། འགན་འཁྲི་དོན་འཁྱོལ་བྱེད་རིང་བཀའ་བཞིན་མི་སྒྲུབ་པ་དང་། མངོན་བརྩི་ལྐོག་འགལ། ཁྲལ་སེལ་སླ་བཅོས། འགན་ཤོར་ལས་འཛོལ་བཅས་བྱེད་པ།
༢.གཙོ་གནད་རིམས་ནད་ཐོན་ཁུལ་ནས་གཞིས་རྩེར་ཡོང་མཁན་གྱི་གནས་སྡོད་གནས་ཚུལ་སྦ་གསང་བྱས་པ་དང་། ནད་གཞི་གཏན་འཁེལ་དང་འདྲ་མཚུངས་ནད་རྟགས་ལ་འབྲེལ་བ་དམ་ཟབ་ཡོད་པའི་ལོ་རྒྱུས་སྦས་གསང་བྱས་པ།
༣.བོད་དུ་ཕྱིར་ཡོང་བ་དང་བོད་ནས་ཕྱིར་ལོག་བྱེད་མཁན་གྱི་མི་སྣར་ཁྱིམ་སྡོད་ལོགས་བཀར་གྱི་བྱ་ཐབས་ལག་བསྟར་ནན་པོ་མ་བྱས་པ་དང་ཕྱི་ལོག་ཏུ་ཐོན་ནས་བྱེད་སྒོ་ཁག་ནང་ཞུགས་པ།
༤.ལས་ཁུངས་ཁག་དང་། རྫོང་༼ཆུས༽གྲོང་ཚོ༼གྲོང་ལྷན༽ཁག་གིས་ཁྱིམ་སྡོད་ལོག་བཀར་གྱི་དོ་དམ་ཚོད་འཛིན་ཡག་པོ་མ་བྱས་པར། ཁྱིམ་སྡོད་ལོག་བཀར་མི་སྣ་ཆད་ལུས་ཤོར་ནས་དོ་དམ་ཚོད་འཛིན་གྱི་ནུས་པ་མ་ཐོན་པ།
༥.ལས་བྱེད་མང་ཚོགས་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་མི་བྱེད་པ་དང་། སྒྲིག་འགལ་ངང་འདུ་འཛོམས་བྱེད་པ་སོགས་ཀྱི་གནས་ཚུལ་ཡོད་པ།
རྒྱ་ཆེའི་མང་ཚོགས་ཚོས་ང་ཚོ་དང་ལྷན་དུ་རིམས་འགོག་གནས་ཚུལ་ལས་དོན་ཁྲོད་གཞོགས་འདེགས་བྱས་ཏེ་ལས་སྟངས་ཡག་པ་དང་ཉམས་མྱོང་ལེགས་འདོན། སྔོན་ཐོན་དཔེ་མཚོན་བཅས་བྱེད་རྒྱུར་བསུ་བ་ཞུ་བཞིན་ཡོད།
ལྟ་སྐུལ་ཐེར་འདོན་ཨང་གྲངས། ༠༨༩༢-༨༨༣༨༡༥༠༼གྲོང་ཁྱེར་རིམས་ནད་མཉམ་འགོག་མཉམ་བཅོས་གཞུང་ལས་ཁང་།༽
༠༨༩༢-༨༩༡༩༥༢༢༼གཞིས་རྩེ་གྲོང་ཁྱེར་སྒྲིག་ཨུད་ལྟ་སྐུལ་ཨུ་ལྷན།༽
བློ་འདྲིའི་ཁ་པར། ༡༧༨༨༩༢༤༦༦༩༩༼རིམས་ནད་སྔོན་འགོག་ཚོད་འཛིན་ཚོགས་ཆུང་།༽
གཞིས་རྩེ་གྲོང་ཁྱེར་རིམས་ནད་མཉམ་འགོག་མཉམ་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས།
སྤྱི་ལོ ༢༠༢༠ ལོའི་ཟླ ༢ ཚེས ༩ ཉིན།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
བོད་ཀྱིས་བྱ་ཐབས་ཁག༧བཏོན་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་རམ་འདེགས་བྱས་པ། བོད་ཀྱི་རྫོང་༼ ཆུས ༽༡༩དབུལ་གྲལ་ནས་ཕྱིར་འཐེན་བྱེད་པའི་སྤྱི་བསྒྲགས། གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་ཞབས་ཞུའི་ཐད་གཏོང་ཁ་པར་12319ཤར་གཏོང་བྱས་པ། 2018ལོའི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་ཏང་ནང་ཁུལ་གྱི་བསྡོམས་རྩིས་སྤྱི་བསྒྲགས།