ཆ་འཕྲིན་ཁྱབ་བསྒྲགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > ཆ་འཕྲིན་ཁྱབ་བསྒྲགས།

ཁག་གསུམ་པར་སློབ་ཐོན་སློབ་མ་ཁྲི༢ཙམ་ལས་ཞུགས་ཐུབ་རེ་འདུག

སྤེལ་དུས་: 2021ལོ་07ཟླ་08ཚེས་ 16:41 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ལོ ༢༠༢༡ ལོའི་ལྗོངས་ཡོངས་ཀྱི་ཁག་གསུམ་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གནས་ཀྱི་འཆར་གཞི་ཡོངས་བསྒྲགས་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

ལྗོངས་ཡོངས་ཀྱི་རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མ་རྣམས་ལ།  ལས་ཞུགས་ནི་དམངས་འཚོ་གལ་ཆེན་ཞིག་རེད།  སྤྱི་ལོ ༢༠༢༡ ལོར་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་གང་ལེགས་ཐུབ་པ་བྱ་ཆེད། རང་སྐྱོང་ལྗོངས་ཀྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་གནས་ཀྱི་དགོས་མཁོ་བསྡུ་ལེན་ཧུར་ཐག་བྱས་ནས།  སྤྱི་ལོ ༢༠༢༡ ལོར་ལྗོངས་ཡོངས་ཀྱི་ཁག་གསུམ་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གནས་ཀྱི་འཆར་གཞི་ཡོངས་བསྒྲགས་བྱ་རྒྱུ་གཤམ་གསལ།  སྤྱི་ལོ ༢༠༢༡ ལོར་ལྗོངས་ཡོངས་ཀྱི་ཁག་གསུམ་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གནས་ཀྱི་དགོས་མཁོའི་འཆར་གཞིར་ཁྱོན་མི་གྲངས ༢༤༧༩༤ ཡོད་པ་ལས། གཞུང་གི་ལས་གནས་སུ་མི་གྲངས ༥༧༧༤ ༼དེའི་ནང་ལྗོངས་ནང་ཁུལ་གྱི་གཞུང་གི་ལས་གནས་སུ་མི་གྲངས ༥༡༥༤ ཡོད་པ་དེ་དག་ཟླ ༥ ཚེས ༡༢ དང་ ༢༠ ཉིན་ཁྱབ་བསྒྲགས་བྱས་ཟིན་པ་དང་། ལྗོངས་ཕྱིའི་གཞུང་གི་ལས་གནས་སུ་མི་གྲངས ༦༣༠ ཡོད་པ།༽དང་།ཁེ་ལས་ཀྱི་ལས་གནས་སུ་མི་གྲངས ༡༢༢༧༧ ༼ལྗོངས་ནང་ཁུལ་གྱི་ཁེ་ལས་ཀྱི་ལས་གནས་སུ་མི་གྲངས ༩༡༠༠ དང་ལྗོངས་ཕྱིའི་ཁེ་ལས་ཀྱི་ལས་གནས་སུ་མི་གྲངས ༣༡༧༧ ༽སློབ་ཆེན་སློབ་མ་གཞི་རིམ་དུ་འཚར་ལོངས་འཆར་གཞིར་མི་གྲངས ༦༥༦༣ ༼དབུལ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་གི་ལས་གནས་སུ་མི་གྲངས ༡༠༠༠ དང་། སྲིད་གཞུང་གིས་ཉོ་སྒྲུབ་བྱས་པའི་ཞབས་ཞུའི་ལས་གནས་སུ་མི་གྲངས ༥༥༦༣ ༽དམག་དཔུང་ལ་ཞུགས་པའི་འཆར་གཞིར་མི་གྲངས ༡༨༠ བཅས་ཡོད།  རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་ཞུགས་ཀྱི་གོ་སྐབས་དམ་འཛིན་ཡག་པོ་བྱས་ནས།  འོས་འཚམ་གྱི་ལས་གནས་ཐོག་སྔ་ཙམ་ལས་ཞུགས་ཐུབ་པའི་རེ་བ་ཡོད།

སྤྱི་ལོ ༢༠༢༡ ལོའི་ལྗོངས་ཡོངས་ཀྱི་ཁག་གསུམ་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གནས་ཀྱི་འཆར་གཞིའི་རེའུ་མིག


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ད་ལོ། སློབ་ཐོན་སློབ་མ་ཚོར་ལས་གནས་ཁྲི༧ཙམ་མཁོ་འདོན་བྱ་རྩིས་འདུག ཀྲུང་དབྱང་གིས་བརྡ་ཐོ་གལ་ཆེན་ཞིག་བཀྲམ་འདུག ནང་སའི་བོད་ལྗོངས་འཛིན་གྲྭ་སོགས་ཀྱི་ཡིག་རྒྱུགས་གཏོང་བའི་དུས་ཚོད། མ་རབས་སྤྱོད་ངན་ཡོངས་བསྒྲགས་ཐོག་རྒྱུན་མཐུད་དམར་འདོན་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།