ཆ་འཕྲིན་ཁྱབ་བསྒྲགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > ཆ་འཕྲིན་ཁྱབ་བསྒྲགས།

ལྷ་ས་དང་གཞིས་རྩེའི་སློབ་མ་འདི་དག་ལ་ཁ་གསབ་ལོངས་སྤྱོད་བྱ་རྒྱུ་འདུག

སྤེལ་དུས་: 2021ལོ་11ཟླ་02ཚེས་ 16:37 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ལོ ༢༠༢༡ ལོར་ལྷ་ས་གྲོང་ཁྱེར་གྱིས་ཐེམ་ཁུངས་ལྷ་ས་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ལས་གཏོད་བྱེད་མཁན་ལ་ཁ་གསབ་སྤྲོད་རྒྱུའི་སྤྱི་བསྒྲགས།

ལྷ་ས་གྲོང་ཁྱེར་གྱི༼ལྷ་ས་གྲོང་ཁྱེར་གྱིས་ཐེམ་ཁུངས་ལྷ་ས་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལྗོངས་ཕྱིར་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་ཞིབ་ཕྲའི་བྱ་ཐབས༽༼ལྷ་སྲིད་གཞུང་སྤེལ(༢༠༢༠)ཡིག་ཨང་ ༣༧ པ༽ཡིག་ཆའི་གཏན་འབེབས་གཞིར་བཟུང་། ད་ལྟ་ཐེམ་ཁུངས་ལྷ་ས་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་རེ་ཞུ་བྱེད་མཁན་གྱི་མིང་ཐོ་ཡོངས་བསྒྲགས་བྱ་རྒྱུ། ཡོངས་བསྒྲགས་གྱི་དུས་ཚོད། སྤྱི་ལོ ༢༠༢༡ ལོའི་ཟླ ༡༡ ཚེས ༡ ཉིན་ནས ༢༠༢༡ ལོའི་ཟླ ༡༡ ཚེས ༧ ཉིན་བར། གལ་ཏེ་སྤྱི་བསྒྲགས་ནང་གི་སློབ་མ་འདི་དག་ལ་བསམ་འཆར་ཡོད་ཚེ་ཡོངས་བསྒྲགས་བྱེད་རིང་ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་མཐོ་སློབ་ལྟེ་གནས་ལ་བསམ་འཆར་འདོན་ཆོག

འབྲེལ་གཏུག་ཁ་པར་ཨང་གྲངས། ༠༨༩༡-༦༣༦༤༤༩༠༼བརྙན་སྐྱེལ༽

སྦྲག་སྒམ།lssgxzx༣༠༢@༡༦༣.com

འབྲེལ་གཏུག་ས་གནས།  ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་བྱང་ལམ་སྒོ་རྟགས ༡༧ ༼ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་ཁྲོམ་རའི་མཐོ་སློབ་ལྟེ་གནས༽

ཟུར་བཀོད། སྤྱི་ལོ ༢༠༢༡ ལོའི་ལྷ་ས་གྲོང་ཁྱེར་གྱིས་ཐེམ་ཁུངས་ལྷ་ས་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ལས་གཏོད་བྱེད་པར་ཁ་གསབ་སྤྲོད་རྒྱུའི་སྤྱི་བསྒྲགས་ཀྱི་མིང་ཐོ།

 

 

ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས།

སྤྱི་ལོ ༢༠༢༡ ལོའི་ཟླ ༡༡ ཚེས ༡ ཉིན།

གཞིས་རྩེ་གྲོང་ཁྱེར་གྱི་སྤྱི་ལོ ༢༠༢༡ ལོའི་ཟླ ༡༠ པར་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་ལོངས་སུ་སྤྱོད་མཁན་གྱི་མིང་ཐོའི་སྤྱི་བསྒྲགས།

༼བོད་རང་སྐྱོང་ལྗོངས་ཀྱི་ལས་ཞུགས་ཁ་གསབ་མ་དངུལ་ལག་བསྟར་ཞིབ་སྲོལ་འགྲེམས་སྤེལ་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་བརྡ་ཐོ༽༼བོད་ནོར་མི་སྤྱི(༢༠༢༠ )ཡིག་ཨང་ ༦༨ པ༽དང་དེ་བཞིན་འབྲེལ་ཡོད་ལྷན་སྦྱར་ཡིག་ཆའི་གཏན་འབེབས་གཞིར་བཟུང་། གཞིས་རྩེ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཞིབ་དཔྱད་བྱས་པ་བརྒྱུད། སྐལ་བཟང་གཡང་འཛོམས་སོགས་མཐོ་སློབ་སློབ་ཐོན་སློབ་མ ༡༠༦ དང་དེ་བཞིན་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་སྤྲོད་པའི་ཆ་རྐྱེན་དང་འཚམ་པའི་ལས་ཞུགས་ལས་གཏོད་ཁེ་ལས་ལ་ད་ལྟ་ཞིབ་བཤེར་བྱས་ནས་གྲོས་འཆམ་བྱུང་བའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་ལོངས་སུ་སྤྱོད་རྒྱུའི་མིང་ཐོ་ཡོངས་བསྒྲགས་བྱ་རྒྱུ།

ཡོངས་བསྒྲགས་བྱེད་རིང་སྤྱི་ཚོགས་ཀྱི་ལས་རིགས་ཁག་དང་རྒྱ་ཆེའི་གྲོང་མིས་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་ལོངས་སྤྱོད་བྱེད་མཁན་མིང་ཐོར་ལྟ་སྐུལ་བྱེད་པར་དགའ་བསུ་ཞུ་རྒྱུ་དང་། གནད་དོན་ཤེས་རྟོགས་བྱུང་ཚེ་ངོ་བཅར་དང་། ཁ་པར་རྒྱག་པ། ཡི་གེ་བསྐུར་བ་སོགས་ནས་ངེད་གཞུང་དོན་ཁང་ལ་བསམ་འཆར་འདོན་ཆོག ངེད་གཞུང་དོན་ཁང་གིས་བསམ་འཆར་ལ་སྔར་བས་ཞིབ་བཤེར་བྱ་རྒྱུ་ཡིན།

ཡོངས་བསྒྲགས་ཀྱི་དུས་ཚོད། སྤྱི་ལོ ༢༠༡ ལོའི་ཟླ ༡༠ ཚེས ༢༨ ཉིན་ནས་ཟླ ༡༡ ཚེས ༣ ཉིན་བར།

འབྲེལ་གཏུག་ཁ་པར་ཨང་གྲངས།༠༨༩༢-༨༨༢༧༨༧༠

འབྲེལ་གཏུག་ས་གནས། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཧེ་ལུང་ཅང་ལམ་སྒོ་རྟགས ༢༢ གྲོང་ཁྱེར་མི་སྤྱི་ཅུས་ཀྱི་ལས་སྒོའི་ཐོག་ཁང་གི་ཐོག་སོ་བཞི་པའི་སྒོ་རྟགས ༤༡༠

ཟུར་བཀོད། གཞིས་རྩེ་གྲོང་ཁྱེར་གྱི་སྤྱི་ལོ ༢༠༢༡ ལོའི་ཟླ ༡༠ པའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ལས་གཏོད་བྱེད་པའི་ཁ་གསབ་ལོངས་སུ་སྤྱོད་མཁན་གྱི་མིང་ཐོ།

 

 

གཞིས་རྩེ་གྲོང་ཁྱེར་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་།

སྤྱི་ལོ ༢༠༢༡ ལོའི་ཟླ ༡༠ ཚེས ༢༨ ཉིན།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཝང་ཅུན་ཀྲེང་བོད་རང་སྐྱོང་ལྗོངས་ཀྱི་ཧྲུའུ་ཅིར་བསྐོ་གཞག་གནང་འདུག བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིའི་ལས་ཚབ་བསྐོ་གཞག་བྱས་པ། གཞིས་རྩེ་གྲོང་ཁྱེར་དུ་འཁོར་རྟགས་དང་ལག་འཁྱེར་མེད་པའི་གློག་སྒུལ་འཁོར་ལོ་དང་སྦག་སྦག་གཏོང་ཆོག་གི་མི་འདུག སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པར་ཡིག་རྒྱུགས་གཏོང་ཆོག་གི་མི་འདུག