སྤྱི་ཟླ ༡༠ ཚེས ༨ ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་སོ་གསུམ་པ་ལྷ་སར་འཚོགས་པ་རེད།ཚོགས་འདུའི་ཐོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གསུམ་པའི་གྲོས་རིམ་ལ་གྲོས་འཆམ་བྱུང་བ་དང་། ཆེ་དགྲ་ལྷ་ཡིས་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིའི་གོ་གནས་ནས་དགོངས་ཞུ་བྱ་རྒྱུའི་རེ་ཞུ་ཕུལ་བ་དང་ལེན་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། ཚོགས་འདུའི་ཐོག ཡན་ཅིན་ཧའེ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་བྱ་རྒྱུ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིའི་ལས་ཚབ་ཏུ་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་བྱས་པ་མ་ཟད། ཡན་ཅིན་ཧའེ་ལ་བསྐོ་གཞག་ཡི་གེ་ཡང་གནང་བ་རེད།
ཚོགས་འདུ་མཇུག་སྒྲིལ་རྗེས། ཡན་ཅིན་ཧའེ་ཡིས་རྩ་ཁྲིམས་ཀྱི་མདུན་དུ་གཟི་བརྗིད་དང་བཅས་དམ་བཅའ་བཞག་པ་རེད།
བློ་མཐུན་ཡན་ཅིན་ཧའེ་ཡི་ལོ་རྒྱུས་མདོར་བསྡུས།
ཡན་ཅིན་ཧའེ། ཕོ། བོད་རིགས། ༡༩༦༢ ལོའི་ཟླ ༣ པར་སྐྱེས། སློབ་ཆེན་གྱི་སློབ་རྒྱུས་ལྡན། ཀྲུང་གུང་ཏང་ཡོན། ད་ལྟ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་བཞིན་ཡོད། དེ་སྔ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུད་ཀྱི་དྲུང་ཆེ་གཞོན་པ་དང་རྒྱུན་ཨུད། དྲུང་ཆེ་བཅས་དང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ལས་ཚབ་ཀྲོའུ་ཀྲང་། ཀྲོའུ་ཀྲང་། ཧྲུའུ་ཅི། དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་འགོ་འཛིན་གཞོན་པ། ཞིང་ཨུད་ཀྱི་རྒྱུན་ཨུད་དང་ཞིང་ཆེན་གྱི་འགོ་འཛིན་གཞོན་པ་སོགས་ཀྱི་འགན་བཞེས་མྱོང་ཡོད།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
གཞིས་རྩེ་གྲོང་ཁྱེར་དུ་འཁོར་རྟགས་དང་ལག་འཁྱེར་མེད་པའི་གློག་སྒུལ་འཁོར་ལོ་དང་སྦག་སྦག་གཏོང་ཆོག་གི་མི་འདུག སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པར་ཡིག་རྒྱུགས་གཏོང་ཆོག་གི་མི་འདུག ཁག་གསུམ་པར་སློབ་ཐོན་སློབ་མ་ཁྲི༢ཙམ་ལས་ཞུགས་ཐུབ་རེ་འདུག ད་ལོ། སློབ་ཐོན་སློབ་མ་ཚོར་ལས་གནས་ཁྲི༧ཙམ་མཁོ་འདོན་བྱ་རྩིས་འདུག