གལ་ཆེའི་གསར་འགྱུར།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གལ་ཆེའི་གསར་འགྱུར། >ལྡེབ་ངོས་མགོ་མ།

གཞིས་རྩེ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།

སྤེལ་དུས་: 2020ལོ་03ཟླ་11ཚེས་ 11:29 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་གི་དུས་རབས་གསར་པའི་རྒྱལ་ཁབ་འབྲུ་རིགས་བདེ་འཇགས་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་ཤུགས་ཆེན་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་དོན་དངོས་ཟུང་འབྲེལ་དང་ཡུལ་བབ་དང་བསྟུན་ནས་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། སྤྱི་ལོ ༢༠༢༠ ལོར་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་གྲོང་ཁྱེར་དེར་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་གྱི་ལས་འགན་མུའུ་ཁྲི ༢༣ སྤྲད་ཡོད། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་སྤྲད་པའི་ལས་འགན་ལ་གཞིགས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གིས་མིག་སྔར་དུས་འགོའི་ལས་དོན་ཁག་སྤེལ་འགོ་བཙུགས་ནས་ལོ་འདིའི་ནང་ཚུན་དུ་ལས་འགོ་འཛུགས་ཐུབ་པའི་འགན་ལེན་བྱེད་བཞིན་ཡོད།

དེ་དང་དུས་མཚུངས། སྤྱི་ལོ ༢༠༡༩ ལོར་གཞིས་རྩེ་གྲོང་ཁྱེར་གྱི་ཚད་གཞི་མཐོ་བའི་ཞིང་ནང་ལས་འགན་དམིགས་ཚད་མུའུ་ཁྲི ༢༡.༡༧ ཡིན་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར ༥.༡༨ བཏང་བ་དང་མ་དངུལ་དེ་དག་རྫོང་དང་ཆུས་ཁག་ལ་སྤྲད་ཟིན་པ་རེད། མིག་སྔར། རྫོང་དང་ཆུས་ཁག་གིས་སོ་ནམ་དུས་ཚོད་ལ་དམ་འཛིན་བྱས་ཏེ་འཛུགས་སྐྲུན་ལས་འགན་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་དུས་བཀག་ལྟར་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་བཞིན་ཡོད།

ཚད་གཞི་མཐོ་བའི་ཞིང་ནང་རྣམ་གྲངས་དེ་ལྗོངས་ཡོངས་ཀྱི་ཞིང་ལས་མ་འཇོག་ཁྱབ་ཁོངས་ཀྱི་རྣམ་གྲངས་གལ་ཆེན་གྲས་ཤིག་ལ་བརྩིས་ནས། གཞིས་རྩེ་གྲོང་ཁྱེར་གྱིས་མཐོང་ཆེན་པོ་དང་སྤྱི་འདོམས་སྐུལ་འདེད་བཏང་སྟེ། འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་དང་། རྣམ་གྲངས་ཀྱི་ཁྲིམས་མིའི་ལམ་ལུགས། འོས་འགུག་འོས་དཔོད་ལམ་ལུགས། ལས་གྲྭའི་ལྟ་སྐུལ་དོ་དམ་ལམ་ལུགས། གན་རྒྱའི་དོ་དམ་ལམ་ལུགས་བཅས་ཀྱི་རྣམ་གྲངས་འཛུགས་སྐྲུན་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་ཡུལ་བབ་དང་བསྟུན་པ་དང་། ཚན་རིག་དང་མཐུན་པར་ས་ཆ་འདེམས་རྒྱུ་མཐའ་འཁྱོངས་ཀྱིས་འབྲུ་རིགས་ཐོན་ནུས་ཁུལ་དང་དེ་བཞིན་གཙོ་གནད་ཞིང་ལས་ཐོན་རྫས་སྲུང་སྐྱོང་ཁུལ་དང་། ལ་ལྷོ་དང་ཤངས་ཆུ་སོགས་ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་དུ་བཀོད་སྒྲིག་བྱས་པ་རེད། དེ་དང་དུས་མཚུངས་གཞིས་རྩེ་གྲོང་ཁྱེར་གྱིས་རྣམ་གྲངས་འཛུགས་སྐྲུན་གྱི་བརྒྱུད་རིམ་ལ་དུས་ངེས་མེད་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་ལས་ཀའི་སྤུས་ཚད་དང་། འཕེལ་རིམ། བདེ་འཇགས་སོགས་ལ་བྱ་ཐབས་ནུས་ལྡན་སྤྱད་པ་དང་། ལྷག་པར་དུ་སྒྲུབ་དཀའ་བའི་གནད་དོན་འཕྲད་སྐབས་དུས་ཐོག་ཏུ་ཞིབ་འཇུག་བྱས་ནས་ཐག་གཅོད་བྱེད་པ། རྣམ་གྲངས་ལག་བསྟར་བྱ་ཡུལ་ཚང་མར་ལྟ་སྐུལ་ཞིབ་བཤེར་བྱེད་མཁན་ཆེད་མངགས་བཀོད་སྒྲིག་བྱེད་པ། རྣམ་གྲངས་ཀྱི་བརྒྱུད་རིམ་ཚང་མར་རྗེས་སྙེག་ལྟ་སྐུལ་དང་མཛུབ་ཁྲིད་བྱེད་མཁན་ཡོད་པ་བཅས་བྱས་ནས་ལས་ཀ་མཉམ་དུ་ལས་པ་དང་འགན་འཁྲི་མཉམ་དུ་འཁུར་བས་རྣམ་གྲངས་དུས་བཀག་ལྟར་ལེགས་གྲུབ་དང་ཞིབ་བཤེར་རྩིས་ལེན་བདེ་བླག་ཐུབ་པའི་འགན་ལེན་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་འབྲུ་རིགས་ཐོན་སྐྱེད་བརྟན་པོ་ཡོང་བར་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་སྟེ། སྲིད་ཇུས་བརྟན་པོ་དང་། རྒྱ་ཁྱོན་བརྟན་པོ། ཐོན་ཚད་བརྟན་པོ་བཅས་ཀྱི་སྲིད་ཇུས་བརྡ་རྟགས་གསལ་པོ་བཏོན་ཡོད། ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་ནི་འབྲུ་རིགས་ཐོན་སྐྱེད་བརྟན་པོ་དང་། ཞིང་འབྲོག་པར་འབབ་འཕར་ཡོང་བ། འབྲུ་རིགས་ཐོན་སྐྱེད་སྤུས་འབོར་གཉིས་ལྡན་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱང་རིང་ཞིང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་དོན་སྙིང་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

གཞིས་རྩེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དགོས་མཁོ་གང་ལེགས་བསྐངས། ཧུའུ་པེར་རོགས་རམ་བྱེད་པར་བསྐྱོད་མཁན་རང་ལྗོངས་ཀྱི་སྨན་དོན་པ་གསུམ་པོ་བདེ་འཇགས་ངང་ཕྱིར་ལོག་བྱས། གཞིས་རྩེ་གྲོང་ཁྱེར་གྱི་ལས་བྱེད་མང་ཚོགས་ཚོས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་༦༡འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ། ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་གྱི་ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གི་ལོ་རབས་དགུ་བཅུའི་རྗེས་སུ་སྐྱེས་པའི་ཏང་ཡོན་ཡོངས་ལ་འཕྲིན་ལན་སྤྲིངས་གནང་བ།