གལ་ཆེའི་གསར་འགྱུར།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གལ་ཆེའི་གསར་འགྱུར། >ལྡེབ་ངོས་མགོ་མ།

གཞིས་རྩེ་གྲོང་ཁྱེར་གྱི་ལས་བྱེད་མང་ཚོགས་ཚོས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་༦༡འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ།

སྤེལ་དུས་: 2020ལོ་04ཟླ་02ཚེས་ 11:14 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

གཞིས་རྩེ་གྲོང་ཁྱེར་གྱིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ ༦༡ འཁོར་བར་དྲན་གསོ་ཞུ་བའི་རྒྱལ་དར་སྒྲེང་བའི་མཛད་སྒོ་གཟབ་རྒྱས་འཚོག་བཞིན་པ།

ས་སྐྱ་རྫོང་ས་སྐྱ་གྲོང་རྡལ་བསམ་གླིང་གྲོང་ཚོའི་མང་ཚོགས་ཀྱིས་གཙོ་འཛིན་གྱི་སྐུ་པར་ལ་ཕྱིས་བདར་རྒྱག་བཞིན་པ།

ལོ་རྒྱུས་སེམས་སུ་བཅངས་ཏེ་ད་ཆར་གཅེས་སྤྲས་དང་འབྱུང་འགྱུར་གསར་གཏོད་བྱེད། ཉིན་ཤས་བསྟུད་མར། གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་ཅེས་པའི་སྒྲོག་འགྲེལ་ཆུང་ངུའི་བྱེད་སྒོ་སྤེལ་བ་དང་། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་དྲ་ཐོག་ལྟ་སྐོར་བྱེད་སྒོ་སྒྲིག་འཛུགས་བྱས་པ། ང་དང་རྒྱལ་དར་མཉམ་དུ་པར་ཞིག་བརྒྱབ་ཅེས་པ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་ ༦༡ སོང་རིང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་ཉམས་སུ་མྱོང་བ་དང་འབྲེལ། མེས་རྒྱལ་དང་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས་ཡོད།

བསམ་གྲུབ་རྩེ་ཆུས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ང་དང་རྒྱལ་དར་མཉམ་དུ་པར་ཞིག་བརྒྱབ་ཅེས་པའི་བྱེད་སྒོ་སྤེལ་བཞིན་པ།

བསམ་གྲུབ་རྩེ་ཆུས་བདེ་སྐྱིད་ཁུལ་ཆུང་གི་མང་ཚོགས་ཚོས་བོད་གསར་རྙིང་བསྡུར་བའི་འགྲེམས་སྟོན་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

གམ་པ་རྫོང་འགྲིགས་ཤང་ཟུར་སྤེ་གྲོང་ཚོའི་འཛོམས་པའི་ནང་མིས་རང་ཁྱིམ་གྱི་སྒོ་ཁར་རྒྱལ་དར་བསྒྲེངས་ཏེ་ཏང་དང་རྒྱལ་ཁབ་ལ་བཅངས་པའི་བཀའ་དྲིན་མཚོན་པར་བྱེད་བཞིན་པ།

སྤྱི་ཟླ ༣ ཚེས ༢༨ ཉིན། གཞིས་རྩེ་གྲོང་ཨུད་ཀྱིས་གྲ་རྒྱས་ལ་བརྗིད་ཉམས་ལྡན་པའི་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི་མཛད་སྒོ་འཚོགས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་ ༦༡ འཁོར་བར་དྲན་གསོ་ཞུས་པ་རེད། གཞིས་རྩེ་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་པས་ཇོ་རིའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ༦༦༧༧གྱི་སྤྱི་ཡོངས་ཀྱི་ལས་ཀའི་བསམ་ཕྱོགས་ལག་བསྟར་བརྟན་པོ་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ཞི་མཐུན་དང་། ཤེས་དཔལ། བདེ་སྐྱིད། མཛེས་སྡུག་བཅས་ལྡན་པའི་གཞིས་རྩེ་ སྐྲུན་བཞིན་ཡོད།

པ་སྣམ་རྫོང་དམངས་སྲིད་ཅུད་ཀྱིས་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱི་རྒན་རྒོན་སྒྲིག་འཛུགས་བྱས་ནས་དྲ་ཐོག་དྲན་གསོ་ཁང་ལ་མཉམ་དུ་ལྟ་བཞིན་པ།

གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཀོ་ལྕག་ཤང་པད་སྟོད་གྲོང་ཚོའི་ཨ་མ་རྒན་མོ་དབྱངས་མོས༼གཡས་ཀྱི་དང་པོ༽བོད་ཀྱི་འཕོ་འགྱུར་གླེང་བཞིན་པ།

བསམ་གྲུབ་རྩེ་ཆུས་བདེ་སྐྱིད་སྡེ་ཁུལ་གྱི་ཏང་ཡོན་ཚོས་དྲ་ཐོག་ནས་བོད་གསར་རྙིང་བསྡུར་བའི་འགྲེམས་སྟོན་ལ་ལྟ་བཞིན་པ།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

གཞིས་རྩེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དགོས་མཁོ་གང་ལེགས་བསྐངས། ཧུའུ་པེར་རོགས་རམ་བྱེད་པར་བསྐྱོད་མཁན་རང་ལྗོངས་ཀྱི་སྨན་དོན་པ་གསུམ་པོ་བདེ་འཇགས་ངང་ཕྱིར་ལོག་བྱས། ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་གྱི་ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གི་ལོ་རབས་དགུ་བཅུའི་རྗེས་སུ་སྐྱེས་པའི་ཏང་ཡོན་ཡོངས་ལ་འཕྲིན་ལན་སྤྲིངས་གནང་བ། གཞིས་རྩེ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།