ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ ༣ ཚེས ༡༥ ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་གྱི་ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གི་ལོ་རབས་དགུ་བཅུའི་རྗེས་སུ་སྐྱེས་པའི་ཏང་ཡོན་ཡོངས་ལ་འཕྲིན་ལན་སྤྲིངས་གནང་ནས། ཁོང་ཚོ་དང་རིམས་ནད་སྔོན་འགོག་ཚོད་འཛིན་འཐབ་ཕྱོགས་ཁག་གི་ཐོག་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་གཞོན་ནུ་ཚོར་ལྷག་བསམ་དག་པའི་འཚམས་འདྲི་གནང་ཡོད།
ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འཐབ་རྩོད་ཁྲོད། ཁྱེད་ཚོས་འཐབ་ས་མདུན་མར་དཔའ་ངར་ཆེ་སྐྱེད་ཀྱིས་འབད་འཐབ་བྱེད་མཁན་རྒྱ་ཆེའི་རིམས་ནད་སྔོན་འགོག་ཚོད་འཛིན་མི་སྣ་དང་མཉམ་དུ་དཀའ་ངལ་དང་ཉེན་ཁར་མི་སྐྲག་པ་དང་། གདོང་མཆོངས་བྱེད་ཕོད་པ། རང་སྲོག་བློས་གཏོང་ལ་མི་འཛེམ་པ་བཅས་ཀྱི་ཐོག་ནས་ལང་ཚོའི་དཔལ་འབར་བའི་སྟོབས་ཤུགས་མངོན་པ་དང་ཚད་ལོན་གྱི་རྒྱུགས་ལན་ཕུལ་ཡོད། རྒྱ་ཆེའི་གཞོན་ནུ་རྣམས་ཀྱི་བྱ་སྤྱོད་ཐོག་ནས་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་རྣམས་ནི་མིག་དཔེ་བཟང་པོ་ཞིག་དང་འགན་ཆེན་པོ་འཁུར་ཐུབ་མཁན་ཞིག་ཡིན་པ་ར་སྤྲོད་བྱས་ཡོད་ཅེས་འཁོད་ཡོད།
ཞི་ཅིན་ཕིང་གིས། གཞོན་ནུའི་མི་རབས་འདིར་ཕུགས་བསམ་ཡོད་པ་དང་། འཇོན་ཐང་ཡོད་པ། འགན་སེམས་བཅས་ཡོད་ཚེ། རྒྱལ་ཁབ་ལ་མདུན་ལམ་ལྡན་པ་དང་། མི་རིགས་ལ་རེ་བ་ཡོད། ཁྱེད་ཚོས་འབད་བརྩོན་ཆེན་པོས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་འཚར་ལོངས་ཡག་པོ་ཡོང་བ་བྱེད་པ་དང་། དཀའ་སྤྱད་འབད་འཐབ་ཁྲོད་བློ་སྟོབས་དང་གཤིས་རྒྱུད་ལ་སྦྱོང་བརྡར་བྱེད་པ། ལག་ལེན་ཁྲོད་ལས་ཀའི་འཇོན་ནུས་ཆེ་རུ་འགྲོ་བ། མུ་མཐུད་སྲོག་སྐྱོབ་སྨན་བཅོས་ཀྱི་ལས་གནས་ཐོག་འབད་འཐབ་བྱེད་པ། རྒྱ་ཆེའི་གཞོན་ནུ་རྣམ་པས་དཀའ་ངལ་ལ་མི་སྐྲག་པ་དང་། འགན་ལྗིད་པོ་འཁུར་ཕོད་པ་བཅས་བྱས་ཏེ། ལང་ཚོ་དེ་ཏང་དང་མི་དམངས་ལ་དགོས་མཁོ་ཆེ་ཤོས་སར་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།
ད་ཐེངས་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད། ལོ་རབས་དགུ་བཅུའི་རྗེས་སུ་སྐྱེས་པས་འཐུས་ཚབ་བྱས་པའི་གཞོན་ནུའི་མི་རབས་འདིས་གདོང་མཆོང་བྱེད་ཕོད་པ་དང་ལེགས་སྐྱེས་ཕུལ་བའི་ཐོག་ནས་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་བསམ་པའི་ཉམས་སྣང་གང་ལེགས་མངོན་ཡོད། ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་དོན་མི་སྣ་བཞི་ཁྲི་ཉིས་སྟོང་གི་ཁྲོད། ཆིག་ཁྲི་ཉིས་སྟོང་ལྷག་ནི་ལོ་རབས་དགུ་བཅུའི་རྗེས་སུ་སྐྱེས་པ་ཤ་སྟག་ཡིན་པ་དང་། དེའི་ཁྲོད་ཁག་གཅིག་ནི་སྤྱི་ལོ ༡༩༩༥ ལོའི་རྗེས་སུ་སྐྱེས་པ་ཡིན་པ་དང་། ཐ་ན་སྤྱི་ལོ ༢༠༠༠ ལོའི་རྗེས་སུ་སྐྱེས་པའང་ཡོད། ཉེ་དུས། པེ་ཅིང་སློབ་ཆེན་གྱི་ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གི་ལོ་རབས་དགུ་བཅུའི་རྗེས་སུ་སྐྱེས་པའི་ཏང་ཡོན ༣༤ ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་རིམས་འགོག་འཐབ་ས་མདུན་མར་ཚེ་སྲོག་མྱུར་སྐྱོབ་ཀྱི་ལས་ལ་གཞོལ་བའི་གནས་ཚུལ་སྙན་སེང་ཞུས་པ་དང་། ཏང་ཡོན་གྱི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་སེམས་ཤུགས་མཚོན་པར་བྱས་ཡོད་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
གཞིས་རྩེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དགོས་མཁོ་གང་ལེགས་བསྐངས། ཧུའུ་པེར་རོགས་རམ་བྱེད་པར་བསྐྱོད་མཁན་རང་ལྗོངས་ཀྱི་སྨན་དོན་པ་གསུམ་པོ་བདེ་འཇགས་ངང་ཕྱིར་ལོག་བྱས། གཞིས་རྩེ་གྲོང་ཁྱེར་གྱི་ལས་བྱེད་མང་ཚོགས་ཚོས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་༦༡འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ། གཞིས་རྩེ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།