༡༡༡༡
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚེས ༢༦ ཉིན་ཀྲུའུ་ལི་ལུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་གནང་ནས། ཁོང་ཀྲུང་གོའི་གོ་མིན་ཏང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད། ཁོང་གིས། འདས་ཟིན་པའི་དུས་སྐབས་ཤིག་གི་རིང་ཏང་གཉིས་པོས་གོ་གཉིས་ལོའི་ཐུན་མོང་ངོས་འཛིན་རྒྱུན་འཁྱོངས་དང་ཐེ་ཝན་རང་བཙན་ཟེར་བར་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞིའི་ཐོག་འབྲེལ་འདྲེས་ཟབ་མོ་བྱས་ནས། མཚོ་འགག་གཡས་གཡོན་གཉིས་པོའི་འབྲེལ་བ་ཞི་བདེ་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་བ་དང་། མཚོ་འགག་གཡས་གཡོན་གཉིས་པོའི་སྤུན་ཟླར་བདེ་སྐྱིད་སྐྲུན་ཡོད་ཅིང་། དེའི་ཕན་འབྲས་ནི་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད། ཏང་གཉིས་པོས་མཐོ་འཛེགས་རྒྱང་ལྟ་དང་། ཐུན་མོང་གི་ཆབ་སྲིད་རྨང་གཞི་རྒྱུན་འཁྱོངས། མི་རིགས་ཀྱི་བདེན་དོན་བརྟན་སྲུང་། ལག་གདང་སྦྲེལ་ནས་མཉམ་ལས་བཅས་བྱས་ཏེ། སྤུན་ཟླའི་ཆེད་བདེ་སྐྱིད་བརྩོན་ལེན་དང་། ཐེ་ཝན་མཚོ་འགག་གི་ཆེད་ཞི་བདེ་བརྩོན་ལེན། རྒྱལ་ཁབ་ཀྱི་ཆེད་གཅིག་གྱུར་བརྩོན་ལེན། མི་རིགས་ཀྱི་ཆེད་བསྐྱར་དར་བརྩོན་ལེན་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད།
ཉིན་དེར། གསར་དུ་བདམས་ཐོན་བྱུང་བའི་ཀྲུང་གོའི་གོ་མིན་ཏང་གི་ཀྲུའུ་ཞི་ཀྲུའུ་ལི་ལུན་གྱིས་གློག་འཕྲིན་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུས་ཡོད། ཁོང་གིས། མཚོ་འགག་གཡས་གཡོན་གཉིས་པོའི་མི་དམངས་རྣམས་ནི་མེས་པོ་ཡན་ཧོང་གི་རྒྱུད་པ་ཡིན་པས། སླད་ཕྱིན་ཏང་གཉིས་པོས་གོ་གཉིས་ལོའི་ཐུན་མོང་ངོས་འཛིན་དང་ཐེ་ཝན་རང་བཙན་ཟེར་བར་ངོ་རྒོལ་བྱེད་པའི་རྨང་གཞིའི་ཐོག ཕན་ཚུན་ཡིད་ཆེས་དང་མཉམ་འདྲེས་ཟབ་ཏུ་གཏོང་བ་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་མུ་མཐུད་ཞི་བདེའི་ངང་གོང་འཕེལ་ཡོང་བ་བྱེད་པ་དང་། མཚོ་འགག་གཡས་གཡོན་གཉིས་པོའི་མི་དམངས་ལ་ཐུན་མོང་ཐོག་བདེ་སྐྱིད་སྐྲུན་པ། ཐེ་ཝན་མཚོ་འགག་ཞི་བདེ་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད་པ་རེད།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་ནས་བརྙན་མཐོང་གསུང་བཤད་གནང་བ་དེར་ལན་ཆ་བཟང་པོ་བྱུང་བ། ཞི་ཅིན་ཕིང་ནས་འགོ་ཚུགས་མཛད་སྒོ་འདིར་ཤིས་ཚིག་བསྒྲོན་རྒྱུ། ཞི་ཅིན་ཕིང་ནས་སོ་ནམ་པ་དང་ཞིང་ལས་ལས་དོན་པར་བཀྲ་ཤིས་བདེ་ལེགས་ཞུས་པ། ཞི་ཅིན་ཕིང་བཤེར་རྩོད་འདིའི་ནང་ཞུཊ་པ་མ་ཟད་གསུང་བཤད་གལ་ཆེན་གནང་བ། ཞི་ཅིན་ཕིང་གྲོས་ཚོགས་གལ་ཆེན་འདི་ལ་ཞུགས་གནང་འདུག