གཙོ་འཛིན་གྱི་བཀའ་དྲིན་བློ་ལ་བརྟན་པོར་བཅངས་ནས་ས་མཐོར་ལེགས་སྐྱེས་ཧུར་ཐག་འབུལ་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་གནད་བསྡུས།
ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ལོ་རྒྱུས་སྦྱངས་ནས་ལག་ལེན་དུ་ཧུར་ཐག་འཁྱོལ་བ་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཏང་ཡོན་ལས་བྱེད་པའི་སྲོལ་རྒྱུན་བཟང་པོ་དང་འགན་འཁྲི་འཁུར་ཕོད་པའི་བསམ་བློ་དར་སྤེལ་གཏོང་བར་རྣམ་པ་གསར་པ་དང་ལེའུ་གསར་པ་རྩོམ་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ས་གཞི་ཆེ་མོར་ཐོན་པའི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་ལམ་གཉིས་ཀྱི་སྙིང་སྟོབས་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གསོན་ཉམས་དོད་པའི་བསླབ་གཞི་ཞིག་རེད། ལོ་རྒྱུས་སྦྱངས་ནས་ལག་ལེན་དུ་འཁྱོལ་བ་བྱ་རྒྱུ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཞི་ཚུགས་ས་ཞིག་ཡིན་པས། ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་ཡིད་ཆེས་ཆེར་གཏོང་། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར་བཅས་ཀྱི་གྲུབ་འབྲས་དེ་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་བྱེད་པའི་བྱ་སྤྱོད་དངོས་ལ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་ཡོད། འདི་ནི་བོད་ཀྱི་གུང་ཁྲན་ཏང་མི་མི་རབས་ནས་མི་རབས་བར་གྱི་ཁྲག་དྲོན་དང་མེ་ལྕེའི་ལག་ལེན་ཁྲོད་ཀྱི་རྩ་ཆེའི་སྙིང་སྟོབས་ལ་ཁས་ལེན་གང་ལེགས་བྱས་པ་ཞིག་ཡིན་པས། ང་ཚོས་འགན་འཁྲི་འཁུར་ཕོད་པ་དང་། དངོས་སྒྲུབ་རྒྱལ་དར། དཔའ་ངར་ཆེར་སྐྱེད་བཅས་ཀྱི་ཉམས་འགྱུར་ཐོག་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།ཏང་གི་ལོ་རྒྱུས་སྦྱོང་བར་གཙོ་གནད་ལག་ལེན་དུ་འཁྱོལ་བ་བྱེད་དགོས། ང་ཚོས་ད་རེས་སྤྱི་ཁྱབ་ཧྲུའུ་ཅི་བོད་དུ་གཟིགས་ཞིབ་གནང་བར་ཕེབས་པ་གོ་སྐབས་སུ་བྱས་ཏེ་ཏང་གཤིས་བློ་སྦྱོང་ཐད་འབད་བརྩོན་དང་། དམངས་ལ་ཞབས་འདེགས་ཞུ་བའི་ཐད་འབད་བརྩོན། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བཅས་བྱས་ནས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་ཡིད་ཆེས་ཆེར་གཏོང་། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར་བཅས་བྱེད་པའི་གྲུབ་འབྲས་དེ་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་བྱེད་པའི་བྱ་སྤྱོད་དངོས་ལ་འགྱུར་བ་བྱེད་དགོས།ཏང་གཤིས་བློ་སྦྱོང་ཐད་འབད་བརྩོན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མ་བོད་དུ་གཟིགས་ཞིབ་ལ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་དེ་བས་གསུམ་གྱི་ཆེད་དོན་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དུས་ནམ་ཡང་རྒྱུན་འཛིན་དང་དར་རྒྱས་གོང་འཕེལ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་ས་མཐོར་དཀོན་ཤོས་གསོ་རླུང་དང་རྩ་ཆེ་ཤོས་སྙིང་སྟོབས་ཡིན་ཞེས་པའི་མངགས་བཅོལ་སེམས་ལ་བརྟན་པོར་ངེས་དགོས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་། ལམ་གཉིས་ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་བསྡུར་བ་ཡང་ཡང་བྱས་ནས་ཐོག་མཐའ་བར་གསུམ་དུ་གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་སྡུག་རུས་འཁྱོག་པ། ས་བབ་མཐོ་སར་བསམ་བློའི་གོ་རྟོགས་དེ་བས་མཐོ་བ་བཅས་ཀྱི་སྒོ་ནས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། འཇོན་ཐང་ཆེ་རུ་གཏོང་བ། སྤྱོད་ཚུལ་ལ་ཞུན་བརྡར་སྤྲོས་པ། དཀའ་སྤྱད་འབད་བརྩོན། རང་སྟོབས་རང་སྤེལ། ས་མཐོར་གཞི་ཚུགས་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་བྱས་ནས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་ལམ་གཉིས་ཀྱི་སྙིང་སྟོབས་ལ་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་སྣོན་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་གོ་བ་མཐའ་གཅིག་ཏུ་བླངས་ནས་མར་ཁེ་སིའི་རིང་ལུགས་ལ་བཅངས་པའི་དད་སེམས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་བཅངས་པའི་དད་སེམས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་བཅངས་པའི་ཡིད་ཆེས་བཅས་སྔར་བས་བརྟན་དུ་གཏོང་བ་དང་། སྲུང་སྐྱོང་གཉིས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་སྲོལ་ལ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅིའི་ཕྱོགས་སྟོན་དེ་ཁ་ཕྱོགས་སུ་བྱེད་པ་དང་ཏང་གི་དར་ཆ་དེ་དར་ཆར་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་དུས་དང་རྣམ་པ་ཀུན་ཏུ་སྲོག་ཤིང་ལ་ཡིད་ཆེས་དང་། སྲོག་ཤིང་ལ་ལྷག་བསམ་རྣམ་དག སྲོག་ཤིང་ལ་སྲུང་སྐྱོང་བཅས་མཐའ་གཅིག་ཏུ་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྐོར་གཟིགས་ཀྱི་རལ་གྲི་རྣོན་པོའི་ནུས་པ་འདོན་སྤེལ་བྱེད་པ། སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། སྤྱོད་ཚུལ་བཞི་གཏན་འགོག་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། ཏང་གཤིས་ལ་ཞུན་བརྡར་སྤྲོས་པ་དང་སེམས་རྒྱུད་དང་ཀུན་སྤྱོད་ལེགས་གཏོང་བཅས་བྱས་ནས་སྔ་བར་ཕྱི་གསུམ་དུ་རང་གཅུན་ནན་པོ་དང་སྤྱོད་གཙང་དབང་ཆ་སྤྱད་དེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཏོད་དེ་བློ་བརྟན་འགྱུར་མེད་ཀྱི་ཏང་གཤིས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་དང་མང་ཚོགས་ལ་སྣེ་ཁྲིད་བྱེད་དགོས།
༼ལྗོངས་ཏང་ཨུད་འཆད་ཁྲིད་ཚོགས་པས་མཁོ་འདོན་བྱས་པ་གཞིར་བཟུང་༽
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གི༼མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་རྒྱུན་འཁྱོངས་གཏོང་རྒྱུ་སྨྲ་བ༽ཞེས་པའི་ཨ་རབ་ཡི་གེའི་དཔར་མ་འགྲེམ་སྤེལ་བྱས་པ། མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་ཡོང་བ་བྱེད་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་རགས་བཤད་ཅེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ། ཞི་ཅིན་ཕིང་ནས་ཡབ་ལ་བསྐུར་བའི་འཕྲིན་ཡིག་ལས་འཕྲོས་པའི་གཏམ་རྒྱུད། རྒྱང་སྐྱོད་འགོ་ཚུགས་ཡུལ་གྱི་དར་རྒྱས་ཀྱི་ལེའུ་གསར་པ།