ཟླ ༢ ཚེས ༢༣ ཉིན། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་གྱིས་པེ་ཅིང་དུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་དང་མཇལ་འཕྲད་གནང་བ་རེད།
ཡིའུ་ཆོན་གྱིས་པཎ་ཆེན་མཆོག་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱི་མི་སྣར་བོད་ཆུ་སྟག་ལོའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཡིའུ་ཆོན་གྱིས་པཎ་ཆེན་མཆོག་གི་ཕྱོགས་གང་ཅིའི་ཐད་ཀྱི་མཛད་འཕྲིན་ཡང་ནས་ཡང་དུ་འཕེལ་བར་ཁས་ལེན་གང་ལེགས་གནང་བ་མ་ཟད། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་སློབ་སྦྱོང་གཏིང་ཟབ་གནང་ནས། གཏན་འཁེལ་གཉིས་ཀྱི་རླབས་ཆེའི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་དང་སྲུང་སྐྱོང་གཉིས་བློ་བརྟན་འགྱུར་མེད་ངང་ཐུབ་པ་དང་། རྒྱལ་གཅེས་ཆོས་གཅེས་དང་ལག་ལེན་ལ་བརྩོན་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བར་ནུས་པ་དེ་བས་ཆེ་བ་འདོན་པ། རང་གཅུན་ནན་པོ་དང་ཁེངས་སྐྱུང་བག་ཡོད་ཀྱིས་ཏང་ཀྲུང་དབྱང་གི་གསོ་སྐྱོང་དང་། དད་ལྡན་མང་ཚོགས་ཀྱི་བརྩི་བཀུར། ཆོས་ལུགས་ལས་རིགས་ཀྱི་གུས་བཀུར་ཆུད་ཟོས་སུ་མི་གཏོང་བ་བཅས་གནང་རྒྱུའི་ཐུགས་རེའང་གནང་བ་རེད།
པཎ་ཆེན་མཆོག་གིས་ཡིའུ་ཆོན་ལ་མཇལ་དར་བསྒྲོན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་བ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བཅས་བྱས་ཏེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་རགས་བཤད་ཅེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ། ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུའི་ཐོག་གལ་ཆེའི་གསུང་བཤད་གནང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲན་ཤིས་སུ་འཚམས་འདྲི་གནང་བར་ཕེབས་པ། བློ་མཐུན་ཞི་ཅིན་ཕིང་གི་ཕྱག་རྩོམ་གལ་ཆེན་ཞིག་དཔེ་སྐྲུན་བྱས་འདུག