གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

བློ་མཐུན་ཞི་ཅིན་ཕིང་གི་ཕྱག་རྩོམ་གལ་ཆེན་ཞིག་དཔེ་སྐྲུན་བྱས་འདུག

སྤེལ་དུས་: 2022ལོ་01ཟླ་29ཚེས་ 16:11 ཡོང་ཁུངས་: ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

བློ་མཐུན་ཞི་ཅིན་ཕིང་གི་༼མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་གླེང་བ་༽ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

 ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི་༼མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་གླེང་བ་༽ཞེས་པའི་དེབ་དེ་ཉེ་དུས་ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་དཔེ་སྐྲུན་བྱས་པ་དང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད།

ཆེད་དོན་རྩོམ་ཡིག་གཅིག་བསྡུས་དེའི་ནང་།བློ་མཐུན་ཞི་ཅིན་ཕིང་གིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པའི་སྐོར་ལ་གནང་བའི་རྩོམ་ཡིག་གལ་ཆེན་ཁག་༧༠བསྡུས་ཡོད་པ་དང་།དེའི་ཁྲོད་ནས་རྩོམ་ཡིག་ཁག་གཅིག་ཡོངས་བསྒྲགས་ཐོག་འདོན་ཐེངས་དང་པོ་ཡིན་པ་རེད།

འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་དེ་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་གོང་འཕེལ་གཏོང་རྒྱུ་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ཞིག་རེད།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྔར་ན་མེད་པའི་ཤུགས་ཚད་ཐོག་ནས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་དམ་བཟུང་གནང་ཞིང་བསམ་བློ་དང་། ཁྲིམས་ལུགས།སྒྲིག་གཞི།རྩ་འཛུགས།སྤྱོད་ཚུལ་བཅས་ཕྱོགས་ཚང་མའི་ཐད་ལ་ཤུགས་རྒྱབ་ཡོད་ཅིང་།ཕྱོགས་མཐའ་ཀུན་དང་།ས་ཁོངས་ཧྲིལ་པོ། བརྒྱུད་རིམ་ཧྲིལ་པོའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་རྒྱབ་ནས།རྩ་བའི་རང་བཞིན་དང་།གསར་གཏོད་རང་བཞིན།ཕུགས་ཕན་རང་བཞིན་བཅས་ཀྱི་ལས་ཀ་རབ་དང་རིམ་པ་བསྒྲུབས་དང་སྒྲུབ་མུས་ཡིན་པ།ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་གནོད་མེད་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་མངོན་གསལ་དོད་པོ་ཕྱིན་པ།མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྱོང་བྱེད་པའི་གོམ་པ་གལ་ཆེན་སྤོས་པ།རང་རྒྱལ་གྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལོ་རྒྱུས་རང་བཞིན་དང་། ཁ་ལོ་སྒྱུར་བའི་རང་བཞིན།གནས་བབ་ཧྲིལ་པོའི་རང་བཞིན་བཅས་ལ་འགྱུར་ལྡོག་བྱུང་ཡོད།རང་རྒྱལ་གྱིས་འཛམ་གླིང་ཧྲིལ་པོའི་ཁོར་ཡུག་དང་གནམ་གཤིས་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ནས།འཛམ་གླིང་ཧྲིལ་པོའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་ཐེ་ཞུགས་མཁན་དང་། ལེགས་སྐྱེས་འབུལ་མཁན།སྣེ་ཁྲིད་མཁན་བཅས་གལ་ཆེན་ལ་གྱུར་ཡོད་ཅིང་།འགན་འཁུར་མཁན་རྒྱལ་ཁབ་ཆེན་པོ་ཞིག་གི་འགན་འཁྲི་ཁུར་སེམས་མངོན་ཡོད།བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གནང་བ་དང་དུས་རབས་ཀྱི་རླབས་རྒྱུན་དང་མི་དམངས་ཀྱི་འདོད་བློ་དང་མཐུན་པར་གནང་བ།ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བ།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད་པའི་འཐབ་ཇུས་མཐོ་ཚད་ཐོག་ནས།འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་ལ་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་ཞིང་།འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་དགོས་དོན་གང་ཡིན་པ་དང་།འབྱུང་ཁམས་ཤེས་དཔལ་གང་འདྲ་ཞིག་འཛུགས་སྐྱོང་བྱ་དགོས་པ།འབྱུང་ཁམས་ཤེས་དཔལ་ཇི་ལྟར་བྱས་ནས་འཛུགས་སྐྱོང་བྱ་དགོས་པ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་པོ་བསྐྱོན་ཡོད་པས།ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་དགོངས་པ་གྲུབ་ཡོད།ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཡིན་ཞིང་།སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་།ཐོན་སྐྱེད་གོང་འཕེལ་དང་།འཚོ་བ་འབྱོར་ཕྱུགའབྱུང་ཁམས་སྤུས་ལེགས་བཅས་ཀྱི་ཤེས་དཔལ་གོང་འཕེལ་ལམ་བུའི་ཐོག་བསྐྱོད་པ།མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྱོང་ཧུར་ཐག་བྱེད་པ།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་ལེན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ལ་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་ཧྲན་ཞི་ཡི་གཞི་རིམ་ལས་བྱེད་མང་ཚོཊ་ལ་འཚམས་འདྲི་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་འཚོགས་པ། ཞི་ཅིན་ཕིང་གིས་འཛམ་གླིང་གི་དུས་བབ་ལ་དམིཊ་ནས་འདི་སྐད་གསུངས། ལྗོངས་སྒྲིག་ཨུད་ཀྱི་ཚོགས་འདུ་གལ་ཆེན་ཞིག་ལྷ་སར་འཚོགས་པ། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ཡག་པོ་གཏོད་དགོས།