སྤྱི་ཟླ ༦ པའི་ཚེས ༢༥ ཉིན། སྐབས་བཅོ་བརྒྱད་པའི་ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གལ་ཆེའི་བྱེད་སྒོ་ཞིག་ཡིན་པའི་ངོས་ནས་ཇོ་རིའི་ཕ་ཡུལ་དུ་འཛོམས། མི་སྟོང་གི་རོལ་ཆ་མཉམ་དུ་དཀྲོལ་ཞེས་པའི་གཞིས་རྩེའི་མངོན་མིན་རིག་གནས་ཤུལ་བཞག་གླུ་གར་འཁྲབ་སྟོན་དེ་གཞིས་རྩེའི་ཧྲང་ཧའེ་ལུས་རྩལ་ཐང་ཆེན་དུ་སྤེལ་ཡོད། འཛམ་གླིང་གི་ཟིན་ཐོ་བདེན་དཔང་མཁན་གཞུང་ཕྱོགས་ཀྱིས་བརྟག་དཔྱད་ཞིབ་བཤེར་བྱས་པ་བརྒྱུད། དེས་གཞི་ཁྱོན་ཆེ་ཤོས་ཀྱི་གཞིས་རྩེའི་དངོས་མིན་རིག་གནས་ཤུལ་བཞག་གི་དམངས་སྲོལ་ཞབས་བྲོའི་འཁྲབ་སྟོན་གྱི་འཛམ་གླིང་ཟིན་ཐོ་བཏོད་པ་ར་སྤྲོད་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེའི་དངོས་མིན་རིག་གནས་ཤུལ་བཞག་ཕུན་སུམ་ཚོགས་ལ་བརྗིད་ཉམས་ལྡན་ཞིང་། བཀྲག་མདངས་འཚེར་བ་དང་། རིམ་ཁག་དངོས་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས ༢༣༨ ཡོད་པ་མ་ཟད་ཁྲིམས་གཏན་འཁེལ་བའི་རྒྱུན་འཛིན་པ ༣༨༩ ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་ཚན་རིག་དང་མཐུན་པའི་སྲུང་སྐྱོབ་དང་། གོ་རིམ་ལྡན་པའི་རྒྱུན་འཛིན། དེ་བཞིན་ཚད་ལྡན་གྱི་གསར་སྤེལ་བེད་སྤྱོད་བཅས་བྱས་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་སྲོལ་རྒྱུན་རིག་གནས་དེ་དག་གསར་སྐྲུན་རང་བཞིན་གྱི་བརྗེ་སྒྱུར་དང་། གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཁྲོད་གསོན་ཤུགས་གསར་པ་ཞིག་སྦྱིན་བཞིན་ཡོད།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་རགས་བཤད་ཅེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ། ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུའི་ཐོག་གལ་ཆེའི་གསུང་བཤད་གནང་བ། ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་བོད་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ། མི་དམངས་ཉིན་རེའི་ཚགས་པར་ཐོག་ཝང་ཅུན་ཀྲེང་གི་རྩོམ་ཡིག་སྤེལ་བ།