གལ་ཆེའི་གསར་འགྱུར།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གལ་ཆེའི་གསར་འགྱུར། >ལྡེབ་ངོས་མགོ་མ།

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས་གལ་ཆེན།

སྤེལ་དུས་: 2023ལོ་06ཟླ་28ཚེས་ 11:18 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་སྐབས་དང་པོའི་བྱ་དགའ་ཐོབ་པར་གཟེངས་བསྟོད་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས།

༼༢༠༢༣ ལོའི་ཟླ ༣ ཚེས ༡༨ ཉིན།༽

ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་མགྱོགས་མྱུར་བསྐྲུན་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ། བོད་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་གཞག་སྔར་བས་དར་རྒྱས་གོང་འཕེལ་གཏོང་བ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་ལ་སྐུལ་ལྕག་དང་སྐུལ་སློང་བཅས་བྱ་ཆེད། རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་དཔྱད་འདེམས་ཨུ་ཡོན་ལྷན་ཁང་གིས་བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་སྐབས་དང་པོའི་བྱ་དགའ་དཔྱད་འདེམས་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད། ༼བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའི་བྱ་ཐབས༽ལ་གཞིགས་ནས།རིགས་གཅིག་མཁས་ཅན་གྱིས་དཔྱད་འདེམས་དང་རང་སྐྱོང་ལྗོངས་ཏང་ཨུད་ལ་སྙན་སེང་ཞུས་ནས་མོས་མཐུན་བྱས་པ་བརྒྱུད། ༼བོད་ཀྱི་དབུལ་ཕོངས་དང་དབུལ་ལོག་གི་གནད་དོན་ཞིབ་འཇུག༽སོགས་གྲུབ་འབྲས་ཁག ༤ ལ་བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་སྐབས་དང་པོའི་བྱ་དགའ་ཨང་དང་པོ་ཐོབ་པ་དང་།༼བོད་ཀྱི་ལོ་བརྒྱའི་དཔལ་འབྱོར་ལོ་རྒྱུས༽སོགས་གྲུབ་འབྲས་ཁག ༡༠ ལ་བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་སྐབས་དང་པོའི་བྱ་དགའ་ཨང་གཉིས་པ་ཐོབ་པ།༼སྒྲུང་མཁན་གྲགས་པ་དང་ཁོང་གི་གླིང་སྒྲུང་འཆད་གྱེར་སྐོར་གྱི་ཞིབ་འཇུག༽སོགས་གྲུབ་འབྲས་ཁག ༡༥ ལ་བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་སྐབས་དང་པོའི་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།

མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་བྱ་གཞག་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གལ་ཆེན་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་འཐབ་ཕྱོགས་ནི་ཏང་དང་མི་དམངས་ཀྱི་འཐབ་ཕྱོགས་གལ་ཆེན་རེད།གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་གྲུབ་འབྲས་ཀྱི་རྩོམ་པ་པོ་ཚོས་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁྱབ་ཁོངས་སུ་རང་ལྗོངས་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ནས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པས་འབད་འབུངས་སྟོབས་བརྩོན་དང་། གྲུབ་འབྲས་མང་པོ་དང་ཡག་པོ་ཐོན་པར་སྐུལ་ཁྲིད་བྱེད་རྒྱུའི་རེ་བ་ཡོད། ལྗོངས་ཡོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པས་གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་གྲུབ་འབྲས་དཔེ་སྟོན་དང་ཚད་འཛིན་སར་བརྩིས་ནས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་དང་དོན་ཆེན་བཞིར་དམིགས་པ་དང་འཛུགས་གཏོད་བཞིར་ཤུགས་བརྒྱབ་སྟེ་སྔར་ལས་ལྷག་པའི་སྒོ་ནས་ཕུལ་བྱུང་གི་སློབ་སྲོལ་དར་སྤེལ་གཏོང་བ་དང་།རིག་གཞུང་གི་ཚད་གཞིར་རང་འགུལ་ངང་བརྩི་སྲུང་། དཀའ་ངལ་ལ་མ་འཛེམས་པ་དང་འགན་འཁྲི་ཆུད་ཟོས་སུ་མི་གཏོང་བ་བཅས་ཀྱི་ཐོག་ནས། ཏང་དང་མི་དམངས་ལ་རིག་གཞུང་གླེང་བ་དང་། ལྟ་བ་བརྗོད་པ། བརྩམས་ཆོས་རྩེ་གྲ་མང་ཙམ་འདོན་པ་དང་། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཧུར་ཐག་བཏོད་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་ན་བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་སྐབས་དང་པོའི་བྱ་དགའ་ཐོབ་པའི་མཚན་ཐོ་ལྟ་ཐུབ།

 


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་རགས་བཤད་ཅེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ། ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུའི་ཐོག་གལ་ཆེའི་གསུང་བཤད་གནང་བ། གཞིས་རྩེས་འཛམ་གླིང་གི་ཟིན་ཐོ་བཏོད་འདུག ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་བོད་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།