གལ་ཆེའི་གསར་འགྱུར།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གལ་ཆེའི་གསར་འགྱུར། >ལྡེབ་ངོས་མགོ་མ།

གཞིས་རྩེ་གྲོང་ཁྱེར་གྱི་ཆོས་ལོག་ངོ་རྒོལ་མཐུན་ཚོགས་བཙུགས་པ།

སྤེལ་དུས་: 2023ལོ་10ཟླ་27ཚེས་ 16:39 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱིས་ཆོས་ལོག་ངོ་རྒོལ་མཐུན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་ནས༼གཞིས་རྩེ་གྲོང་ཁྱེར་གྱི་ཆོས་ལོག་ངོ་རྒོལ་མཐུན་ཚོགས་ཀྱི་སྒྲིག་ཡིག༽ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ལས་འཛིན་ལྷན་ཚོགས་སྐབས་དང་པོའི་ཁོངས་མི་དང་འགོ་ཁྲིད་སྒྲིག་གཞིའི་ཁོངས་མི་བདམས་ཐོན་བྱུང་བ་རེད། མཐུན་ཚོགས་དེས་གྲོང་ཁྱེར་ཡོངས་ཀྱི་མང་ཚོགས་རང་བཞིན་གྱི་ཆོས་ལོག་ལ་ངོ་རྒོལ་གྱི་འཐབ་རྩོད་ཀྱི་བྱེད་སྒོར་ཕན་ཚུན་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ལས་སྟེགས་བསྐྲུན་ནས། ཆོས་ལོག་ལ་ངོ་རྒོལ་ལས་དོན་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱི་ཆོས་ལོག་ངོ་རྒོལ་མཐུན་ཚོགས་ནི་གྲོང་ཁྱེར་ཡོངས་ཀྱི་ཚན་རྩལ་ལས་རིགས་དང་། བཅའ་ཁྲིམས་ལས་རིགས། སློབ་གསོའི་ལས་རིགས། ཆོས་ལུགས་ལས་རིགས། གསར་འགྱུར་ལས་རིགས་སོགས་སྤྱི་ཚོགས་ལས་རིགས་ཁག་གི་ཆོས་ལོག་རྩ་འཛུགས་ལ་ངོ་རྒོལ་བྱེད་འདོད་ཡོད་པའི་མི་སྣས་རང་མོས་ངང་བཙུགས་པ་དང་འབྲེལ། ཁྲིམས་ལྟར་ཐོ་འགོད་བྱས་ནས་བཙུགས་པའི་སྤྱི་ཕན་རང་བཞིན་དང་ཁེ་གཉེར་རང་བཞིན་མིན་པའི་ཁྲིམས་མིའི་སྤྱི་ཚོགས་ཀྱི་ཚོགས་པ་ཞིག་ཡིན་ལ། རྒྱ་ཆེའི་ཚོགས་མི་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་དང་འབྲེལ་གཏུག་དང་། ཚན་རིག་གི་སྙིང་སྟོབས་དང་མི་ཆོས་རིག་གནས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། བཅའ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་། ཆོས་དད་རང་མོས་ལ་བརྩི་འཇོག ཆོས་ལོག་རྩ་འཛུགས་དང་འཐབ་རྩོད་ཧུར་ཐག་བཅས་བྱེད་པའི་དམངས་ཁྲོད་ཀྱི་རྩ་འཛུགས་ཤིག་རེད། གོམ་སྟབས་རྗེས་མར། མཐུན་ཚོགས་དེས་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་གང་ལེགས་འདོན་པ་དང་། མི་དམངས་མང་ཚོགས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་དང་སྐུལ་སློང་། ཆོས་ལོག་ལ་ངོ་རྒོལ་བྱེད་པའི་ལས་དོན་ཁག་ཏན་ཏིག་སྤེལ་བ་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཆོས་ལོག་ལ་ངོ་རྒོལ་བྱེད་པའི་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་རགས་བཤད་ཅེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ། ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུའི་ཐོག་གལ་ཆེའི་གསུང་བཤད་གནང་བ། ཞི་ཅིན་ཕིང་གིས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཛུཊ་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་ཧང་ཀྲོའུ་རུ་གཟབ་རྒྱས་ངང་འགོ་ཚུགས་པ།