གཞི་རིམ་གྱི་ཏང་འཛུགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གཞི་རིམ་གྱི་ཏང་འཛུགས། >ལྡེབ་ངོས་མགོ་མ།

ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་དོན་གཏིང་ཟབ་ཕྱོགས་སུ་སྤེལ་དགོས།

སྤེལ་དུས་: 2020ལོ་03ཟླ་12ཚེས་ 10:45 ཡོང་ཁུངས་: ཀྲུང་གོའི་བོད་ལྗོངས་དྲ་བ།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནི་ཏང་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ཞིག་རེད།

ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་གསར་པ་དོན་འཁྱོལ་བྱེད་པ་དང་། ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་གཏོད་པ། རིམ་པ་བཞིན་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་དོན་གཏིང་ཟབ་ཕྱོགས་སུ་སྤེལ་དགོས།

འགན་འཁྲི་ནན་དུ་གཏོང་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོ་བསྲུངས་ནས་ཆབ་སྲིད་ཀྱི་ཀུན་སྤྱོད་ཨང་དང་པོར་བཞག་སྟེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་བྱེད་རྒྱུ་གཞི་འཛིན་ས་ཨང་དང་པོ་དང་། ཚད་གཞི་ཨང་དང་པོ། བླང་བྱ་ཨང་དང་པོ་བཅས་སུ་བརྩིས་ནས་ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་དགོས། བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་དོན་དེ་གཙོ་གནད་གནས་བབ་དང་ཉིན་རེའི་གྲོས་རིམ་གལ་ཆེན་ནང་ཏུ་འཇོག་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། དམངས་གཙོ་གཅིག་སྡུད་དང་། ཁྲིམས་བཞིན་དབང་སྤྱོད། རིམ་དབྱེ་འགན་འཁུར་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཏང་འཛུཌ་སྐྱོང་ལས་དོན་གྱི་རྣམ་པ་བཟང་པོ་གཏོད་དགོས།

ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དམ་ནན་ཡོང་བ་བྱས་ནས། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བ་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱག་པ། དམངས་གཙོའི་ཇུས་ཐག་དང་གཅིག་སྡུད་འགོ་ཁྲིད་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། ཏང་ཡོན་ལས་བྱེད་པའི་རྩ་འཛུགས་གཉིས་ཀྱི་འཚོ་བའི་ཚོགས་འདུའི་ལམ་ལུགས་མཐའ་འཁྱོངས་བཅས་བྱས་ཏེ། ཏང་ཡོན་ཡོངས་ཀྱིས་ཐོག་མའི་བསམ་འདུན་རྟོགས་པ་དང་། ཐོག་མའི་བསམ་འདུན་སྲུང་བ། ཐོག་མའི་བསམ་འདུན་ལག་བསྟར་བཅས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས།

ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། སྤྱོད་ཚུལ་འཛུགས་སྐྱོང་མུ་མཐུད་བྱེད་ཟབ་ཏུ་བཏང་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་གྲུབ་འབྲས་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་སྤྱོད་ཚུལ་འཛུགས་སྐྱོང་དམ་འཛིན་བྱེད་པའི་ངར་ཤུགས་དང་བཟོད་སེམས་མཐའ་འཁྱོངས་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་རྣམ་གསར་པ་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་དགོས། ལྟ་སྐུལ་སྒྲིག་སྐྱོང་གི་རྒྱུན་རྣམ་བཞི་ཚན་རིག་དང་མཐུན་པའི་སྒོ་ནས་སྤྱོད་པ་དང་། རྒྱུན་གཏན་ནས་དམ་འཛིན་དང་། སྔ་ཙམ་དམ་འཛིན། དམ་འཛིན་ནན་པོ་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲིའི་གནད་འགག་དམ་པོར་བཟུང་བ། གནད་དོན་ལ་ཐད་ཀར་གཏུག་པ་དང་གནད་འགག་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་རྒྱུར་བཀག་སྡོམ་ཁུལ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བ་བཅས་བྱེད་དགོས། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་དགོས། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་ས་ཚིགས་ཕན་ཚུན་ཁ་གཏད་སྒྲིག་འཛུགས་ངང་མང་ཚོགས་ལས་ཞུགས་ཐུབ་པ་བྱས། གཞིས་རྩེ་གྲོང་ཁྱེར་གྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་མཐོང་ཐོས། ས་དགའ་རྫོང་གིས་ནོར་ལུག་སྐྱེ་བསུ་དང་ཕྱུགས་ཕྲུག་གསོ་ཚགས་ཀྱི་ལས་དོན་ལ་འགན་ལེན་བྱས་པ།