ཉི་མ་སྲི་གཅོད་ཀྱིས་ཞིང་ལས་དངུལ་ཁང་ནས་ཁྱོན་དངུལ་བུན་སྒོར་ཁྲི ༡༡༣.༤ གཡར་བས་ཁེ་བཟང་ལོ་རེ་ལས་ལོ་རེ་མང་བ་འདུག ངའི་ཞིང་ཞོར་ཐོན་རྫས་ལས་སྣོན་བཟོ་གྲྭར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ ༢༢ ཀྱི་མི ༣༦ ལས་ཀར་བཅུག་ཡོད་ཅེས་བརྗོད།
གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གི་རྒྱལ་ཁབ་རིམ་པའི་སྔོ་ཚལ་ཚད་ལྡན་ཅན་གྱི་ཐོན་སྐྱེད་དཔེ་སྟོན་ཁུལ་ནི་བོད་ཀྱི་ས་མཐོའི་དུས་མིན་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་དེ་ཡིན་པ་དང་ད་ཆ་ཁྱད་ལྡན་སྔོ་ཚལ་ཐོན་ལས་རྟེན་གཞིར་ས་ཆ་མུའུ ༡༧༠༠ ལྷག་ཙམ་ཡོད།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། བོད་ལྗོངས་རྣམ་གླིང་རྫོང་རྣམ་གླིང་གྲོང་རྡལ་ཕུན་ཚོགས་གླིང་ཁ་ཞིང་ཞོར་ཐོན་རྫས་ལས་སྣོན་བཟོ་གྲྭར་ཉི་མ་སྲི་གཅོད་ཀྱིས་བཟོ་པར་ལས་སྣོན་དང་ཁྱད་ལྡན་ཡུལ་ཟོག་ཐུམ་སྒྲིལ་བྱ་རྒྱུ་བཀོད་སྒྲིག་བྱེད་བཞིན་འདུག ཁ་དན་ཚིག་ལ་གནས་པར་བརྟེན། ཁོང་གིས་གཉེར་སྐྱོང་བྱས་པའི་ལས་སྣོན་བཟོ་གྲྭར་སྤྱི་ལོ ༢༠༡༨ ལོར་ཞིང་ལས་དངུལ་ཁང་རྣམ་གླིང་རྫོང་ཉིང་ལག་དངུལ་ཁང་གིས་སྒོར་ཁྲི ༦༠ ཡི་གྲོང་གསེབ་ཀྱི་མི་སྒེར་གྱི་ཐོན་སྐྱེད་གཉེར་སྐྱོང་དངུལ་བུན་བཏང་བ་དེས་བཟོ་གྲྭའི་གཞི་ཁྱོན་ཆེ་རུ་བཏང་བ་རེད། ཐོག་མར་ཕྱི་ལ་ལས་མི་བྱེད་པར་བསྐྱོད་པ་ནས་ད་ཆ་རྣམ་གླིང་གྲོང་རྡལ་གྱི་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་པའི་ཁོང་གི་བྱ་གཞག་སྟོབས་ཆེར་ཕྱིན་པ་དེ་གྲོང་གསེབ་ཀྱི་ཡིད་རྟོན་མ་ལག་གི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད།
ཉི་མ་སྲི་གཅོད་ཀྱིས་ཞིང་ལས་དངུལ་ཁང་ནས་ཁྱོན་དངུལ་བུན་སྒོར་ཁྲི ༡༡༣.༤ གཡར་བས་ཁེ་བཟང་ལོ་རེ་ལས་ལོ་རེ་མང་བ་འདུག ངའི་ཞིང་ཞོར་ཐོན་རྫས་ལས་སྣོན་བཟོ་གྲྭར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ ༢༢ ཀྱི་མི ༣༦ ལས་ཀར་བཅུག་ཡོད་ཅེས་བརྗོད། ཁོང་གིས་སྤྱི་ལོ ༢༠༠༣ ལོར་ཞིང་ལས་དངུལ་ཁང་རྣམ་གླིང་རྫོང་ཉིང་ལག་དངུལ་ཁང་ནས་ཞིང་དུད་དངུལ་བུན་ཐོག་མར་རེ་ཞུ་བྱས་པ་དང་ཕྱིས་སུ་དངུལ་བྱང་གི་ཡིད་རྟོན་དུད་ཚང་ལ་བདམས་པ་དང་། སྤྱི་ལོ ༢༠༡༥ ལོར་སྐར་མ་རིམ་པ་གསུམ་གྱི་ཕ་ལམ་བྱང་བུ་རག་པ་དང་དངུལ་བུན་གཡར་བའི་གྲངས་འབོར་ཡང་སྒོར ༤༠༠༠ ནས་སྒོར་ཁྲི ༣༠ བར་མཐོ་རུ་ཕྱིན་ཡོད།
ཁོང་ནི་གྲོང་གསེབ་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་གི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་ཡིན་ཞིང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ནང་བོད་ཀྱི་ཞིང་འབྲོག་པ་དེ་བས་མང་བས་དངུལ་བུན་གཡར་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཕྱུག་པོའི་ལམ་དུ་བསྐྱོད་ཡོད།
གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གི་རྒྱལ་ཁབ་རིམ་པའི་སྔོ་ཚལ་ཚད་ལྡན་ཅན་གྱི་ཐོན་སྐྱེད་དཔེ་སྟོན་ཁུལ་ནི་བོད་ཀྱི་ས་མཐོའི་དུས་མིན་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་དེ་ཡིན་པ་དང་ད་ཆ་ཁྱད་ལྡན་སྔོ་ཚལ་ཐོན་ལས་རྟེན་གཞིར་ས་ཆ་མུའུ ༡༧༠༠ ལྷག་ཙམ་ཡོད་པ་རེད། པ་སྣམ་གྱི་འཇའ་ཚོན་གཞིས་ཀའི་སྣོད་བཅུད་ཞིང་ལས་ཚད་ཡོད་ཀུང་སི་ནིAརིམ་པའི་ཡིད་རྟོན་ཁེ་ལས་ལ་བདམས་པ་ཞིག་རེད། ལོ་གཉིས་ཀྱི་གོང་པ་སྣམ་སྐྱེས་ལྡན་ཞིང་ལས་ཐོན་ལས་གླིང་བསྐྲུན་སྐབས་མ་དངུལ་སྒོར་ཁྲི ༥༥༠༠ འདང་གི་མེད། འོན་ཀྱང་ཁེ་ལས་ཀྱིས་ལོ་མང་ཁ་དན་ཚིག་གནས་ངང་གཉེར་སྐྱོང་བྱས་པར་བརྟེན། ཞིང་ལས་དངུལ་ཁང་པ་སྣམ་རྫོང་ཉིང་ལག་དངུལ་ཁང་གིས་ཐོན་ལས་དབུལ་སྐྱོར་དངུལ་བུན་སྒོར་ཁྲི ༤༣༠༠ གཡར་བས་དུས་ཐོག་དང་ནུས་ལྡན་ངང་མ་དངུལ་གྱི་དགོས་མཁོ་ཐག་གཅོད་ཐུབ་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་གཉེར་སྐྱོང་བྱས་པ་བརྒྱུད་ད་ཆ་ཉེ་འཁོར་མང་ཚོགས ༡༦༥ ལས་ཞུགས་ཐུབ་རྒྱུར་སྣེ་ཁྲིད་བྱས་ཡོད།
ལོ་ལྔ་ཙམ་རིང་ཀྲུང་གོ་མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཞིང་ལས་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་སོགས་ཞིང་འབྲེལ་དངུལ་རྩའི་སྒྲིག་གཞིར་མཛུབ་ཁྲིད་བྱས་ཏེ། ཡིད་རྟོན་དུད་ཚང་དང་། ཡིད་རྟོན་གྲོང་ཚོ། ཡིད་རྟོན་ཤང་༼གྲོང་རྡལ༽ཡིད་རྟོན་རྫོང་བཅས་དཔྱད་འདེམས་བྱས་ནས། ཡིད་རྟོན་ཞབས་ཞུ་སོགས་ཀྱི་བྱེད་ཐབས་ཏན་ཏིག་སྤྱད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་བསྐྲུན་རྒྱུར་དངུལ་རྩའི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད། སྤྱི་ལོ ༢༠༢༠ ལོའི་ཟླ་ལྔ་པ་བར་གཞིས་རྩེ་གྲོང་ཁྱེར་གྱིས་ཡིད་རྟོན་དུད་ཚང་ ༡༢༢༥༢༣ དང་། ཡིད་རྟོན་གྲོང་ཚོ ༡༦༥༢ ཡིད་རྟོན་ཤང་ ༡༨༡ ཡིད་རྟོན་རྫོང་ ༩ བཅས་བདམས་ནས་ཞིང་འབྲོག་པའི་དུད་ཚང་ལ་གསེར་བྱང་དང་། དངུལ་བྱང་། ཟངས་བྱང་བཅས་དང་དེ་བཞིན་ཕ་ལམ་བྱང་བུ ༡༢༢༥༢༣ སྤྲད་པས་ཡིད་རྟོན་དངུལ་འབོར་གྱི་ལྷག་གྲངས་སྒོར་དུང་ཕྱུར ༦༣.༩༣ ཟིན་ཡོད།
ཞིང་པ་ཕྱུག་པོ་ཆགས་པར་ཡིད་རྟོན་ལ་བརྟེན་དགོས་ཞེས་པའི་ཆེད་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་བརྟེན། ཞིང་འབྲོག་ཁུལ་དུ་ཁ་དན་ཚིག་གནས་ཀྱི་ཤེས་དཔལ་དར་སྲོལ་གསར་པ་བཏོད་ཐུབ་པ་བྱུང་ཡོད། ཀྲུང་གོ་མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གི་ཧང་ཀྲང་ཝེ་ཧྲེང་ཅེས་གྲོང་ཁྱེར་ཡོངས་ཀྱི་སྒེར་གྱི་ཡིད་རྟོན་སྙན་ཞུའི་རང་འགུལ་ཇུས་འདྲིའི་ཞབས་ཞུ་རྫོང་༼ཆུས༽ ༡༨ ལ་ཁྱབ་པ་མ་ཟད། ཡིད་རྟོན་ཆ་འཕྲིན་ཡོད་པར་བརྟེན་དངུལ་ཁང་གིས་དངུལ་བུན་ཞིབ་བཤེར་བྱེད་པའི་དུས་ཚོད་ཐུང་དུ་ཕྱིན་པ་མ་ཟད། དངུལ་བུན་གཡར་བའི་ལས་ཕྱོད་མཐོ་རུ་ཕྱིན་ཡོད། གྲོང་གསེབ་ཀྱི་ཡིད་རྟོན་མ་ལག་བསྐྲུན་རྒྱུ་དེ་གྲོང་གསེབ་ཀྱི་ཡིད་རྟོན་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དང་ཞིང་འབྲོག་དུད་ཚང་གི་ནང་སྐྱེས་སྒུལ་ཤུགས་འཕེལ་བ་བྱེད་པའི་ལས་སྟེགས་གལ་ཆེན་དུ་གྱུར་ཡོད་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞིང་པ་གསར་པས་བློ་ཁོག་ཆེན་པོས་གྲོང་གསེབ་དར་རྒྱས་ཀྱི་གདོང་སྐྱོད་པ་བྱས་པ། བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་ཚོའི་རང་བྱུང་ཆུ་ཚན་དང་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ། ཁང་པ་གསར་པ་ཡོད་པ་དང་བྱིས་པ་སློབ་གྲྭར་བསྐྱོད་པར་སྟབས་བདེ་རུ་ཕྱིན་པས་ང་ཚོས་ཀྱང་ཚོང་ཙག་ཙིག་རྒྱག་རྩིས་ཡོད། རྡོ་རྗེ་དང་ཁོང་གིས་གཉེར་བའི་ཇོ་མོ་གླང་མའི་གཡག་མགོ་འགྲུལ་ཁང་།