གཞི་རིམ་གྱི་ཏང་འཛུགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གཞི་རིམ་གྱི་ཏང་འཛུགས། >ལྡེབ་ངོས་མགོ་མ།

མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གི་བདེ་སྐྱིད་ལྡན་པའི་གསར་གཏོད་འབབ་འཕར་ལམ་བུ།

སྤེལ་དུས་: 2020ལོ་06ཟླ་29ཚེས་ 12:10 ཡོང་ཁུངས་: བོད་ལྗོངས་གསར་འགྱུར་དྲ་བ།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

 

http://cmszy.rkzzfdj.gov.cn/u/cms/rkz/202006/2912032029ng.jpg

ལི་ཀྲུང་ཅུན་དང་ཁོང་གི་བཟའ་ཟླ་ཆོས་སྒྲོན་གཉིས་ཀྱིས་སྔོ་ཚལ་བདག་སྐྱོང་བྱེད་བཞིན་པ།

ལི་ཀྲུང་ཅུན་ནི་རིན་སྤུངས་རྫོངས་བར་ཐང་ཤང་ས་མདའ་གྲོང་ཚོའི་ལས་གཏོད་པ་ཞིག་ཡིན། སྤྱི་ལོ ༢༠༠༩ ལོར་གཞིས་རྩེ་ནས་ཡིན་པའི་བོད་རིགས་བུ་མོ་ཆོས་སྒྲོན་མནའ་མ་བསུས་པ་རེད། ལོ་མང་རིང་ལི་ཀྲུང་ཅུན་དང་ཁོང་གི་བཟའ་ཟླ་ཆོས་སྒྲོན་གཉིས་ཀྱིས་ཡུལ་མི་ཁྱིམ་མཚེས་དང་འཆམ་མཐུན་ཡག་པོ་བྱས་པ་མ་ཟད། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཁྱིམ་ཚང་གི་འཚོ་བ་ཉིན་རེ་བཞིན་ཇེ་ཡག་ཏུ་ཕྱིན་ཡོད། དབུལ་སྐྱོར་སྲིད་ཇུས་ཀྱི་རོགས་རམ་འོག་དང་། རིམཁག་འགོ་ཁྲིད་ལས་བྱེད་པའི་ཐུགས་ཁུར་འོག ལི་ཀྲུང་ཅུན་གྱིས་རང་ཁྱིམ་གྱི་ས་ཞིང་མུའུ ༣.༧ ཡོད་པ་དེར་དྲོད་ཁང་ ༦ བསྐྲུན་པ་དང་། དྲོད་ཁང་དུ་འདེབས་འཛུགས་ཉམས་མྱོང་ལྡན་པའི་གྲོང་མིར་ལག་རྩལ་སློབ་སྦྱོང་བྱས་ཏེ། ཞིང་ལས་འདེབས་འཛུགས་སྤེལ་རེས་ཚོགས་པའི་ནང་ཞུགས་ནས་ཚང་མ་དང་ཉམས་མྱོང་སྤེལ་རེས་བྱས་ཡོད། ད་ཆ་སྔོ་ཚལ་དྲོད་ཁང་ ༦ ནས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི ༢༤ ཙམ་འབྱུང་གི་ཡོད་པ་དང་། འབབ་འཕར་ཕྱུག་འགྱུར་ལམ་དུ་སྐྱོད་པ་དང་ཆབས་ཅིག་ས་གནས་དེ་གའི་མང་ཚོགས་ལའང་ལས་ཞུགས་འབབ་འཕར་གྱི་ལས་གནས་མཁོ་འདོན་བྱས་ཡོད།།

ཡིག་བསྒྱུར་བློ་གྲོས།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

བོད་ལྗོངས་གཞིས་རྩེས་ཡིད་རྟོན་ལ་བརྟེན་ནས་ཞིང་འབྲོག་པའི་ཕྱུག་འགྱུར་ལམ་བུ་བཏོད་པ། ཞིང་པ་གསར་པས་བློ་ཁོག་ཆེན་པོས་གྲོང་གསེབ་དར་རྒྱས་ཀྱི་གདོང་སྐྱོད་པ་བྱས་པ། བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་ཚོའི་རང་བྱུང་ཆུ་ཚན་དང་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ། ཁང་པ་གསར་པ་ཡོད་པ་དང་བྱིས་པ་སློབ་གྲྭར་བསྐྱོད་པར་སྟབས་བདེ་རུ་ཕྱིན་པས་ང་ཚོས་ཀྱང་ཚོང་ཙག་ཙིག་རྒྱག་རྩིས་ཡོད།