གྲོང་ཁྱེར་བཙོག་ཆུ་གཙང་སེལ་བཟོ་གྲྭའི་དུས་ཁག་གཉིས་པའི་ལས་གྲྭ་ནི་རང་རེའི་གྲོང་ཁྱེར་གྱི་རྣམ་གྲངས་གལ་ཆེན་གྱི་གྲས་ཤིག་ཡིན་ཞིང་། ༢༠༢༡ལོའི་སྤྱི་ཟླ་༥པར་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་རྒྱ་ཁྱོན་མུའུ་༥༠ཙམ་ཟིན་གྱི་ཡོད་པས། དེ་ནི་རྒྱ་སྐྱེད་བསྐྱར་སྐྲུན་གྱི་འཛུགས་སྐྲུན་རྣམ་གྲངས་ཁོངས་སུ་གཏོགས་ཡོད།
གཙོ་བོ་ནི་དུས་ཁག་དང་པོར་བཟོ་གྲྭའི་ནུབ་ངོས་ཀྱི་གསར་སྣོན་ས་ཆ་བེད་སྤྱོད་དང་རྒྱ་སྐྱེད་འཛུགས་སྐྲུན་བྱས་པའི་བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཚད་གཞི་མཐོ་རུ་བཏང་ནས་སྒྱུར་བཀོད་བྱ་རྒྱུ་དེ་ཡིན་ཞིང་། སྔོན་དཔག་ལྟར་ན། འདི་ལོའི་སྤྱི་ཟླ་༣པའི་ཟླ་མཇུག་ཏུ་དུས་ཁག་དང་པོ་དང་གཉིས་པའི་རྣམ་གྲངས་ལས་གྲྭའི་འཛུགས་སྐྲུན་ལེགས་གྲུབ་ཟིན་རྒྱུ་ཡིན་པ་རེད།
ལས་གྲྭ་འཛུགས་སྐྲུན་ཟིན་རྗེས་ཉིན་རེར་བཙོག་ཆུ་ཏུན་ཁྲི་༦གཙང་སེལ་ཐུབ་རྒྱུ་ཡིན་ཞིང་། དེས་རང་རེའི་གྲོང་ཁྱེར་གྱི་བཙོག་ཆུ་གཙང་སེལ་ཕྱིར་འབུད་ཀྱི་གནོན་ཤུགས་ཆུང་དུ་ཕྱིན་པ་དང་ཁོར་ཡུག་སྦགས་བཙོག་ཉུང་དུ་ཕྱིན་ནས་གཞིས་རྩེའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་གྲོང་ཁྱེར་གྱི་སྤུས་ཚད་ལེགས་སུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
པ་སྣམ་རྫོང་གིས་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ། གཞིས་རྩེས་ཞིང་ལས་འཕྲུལ་ཆས་ཅན་དང་གཞི་ཁྱོན་ཅན་དེ་བཞིན་ཚད་གཞི་ཅན་དུ་འཕེལ་རྒྱས་བཏང་། མཐའ་མཚམས་ཁུལ་དུ་གནས་པའི་འདྲེན་ཐང་གྲོང་རྡལ་གྱིས་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་དོ་ཁུར་ཆེན་པོ་བྱེད། གཞི་རིམ་དུ་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་ཧུར་ཐག་བྱེད།