གཞི་རིམ་གྱི་ཏང་འཛུགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གཞི་རིམ་གྱི་ཏང་འཛུགས། >ལྡེབ་ངོས་མགོ་མ།

དཔྱིད་རྨོད་དཔྱིད་འདེབས་ལས་ལ་བྲེལ།

སྤེལ་དུས་: 2022ལོ་03ཟླ་30ཚེས་ 12:33 ཡོང་ཁུངས་: གཞིས་རྩེ་རླུང་འཕྲིན་བརྙན་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཉེ་ཆར་དཔྱིད་རྨོད་དཔྱིད་འདེབས་ཀྱི་དུས་ཚིགས་བཟང་ཤོས་ཡིན་པས་རང་རེའི་གྲོང་ཁྱེར་གྱི་ཡངས་ཤིང་རྒྱ་ཆེ་བའི་ས་ཞིང་ཐོག་ཞིང་པ་རྣམས་ཀྱིས་དཔྱིད་རྨོད་ལས་ལ་བྲེལ་བཞིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོར་སྐྱིད་གྲོང་རྫོང་གིས་ཞིང་ལས་དཔྱིད་འདེབས་རྒྱ་ཁྱོན་ཁྱོན་མུའུ་ཁྲི ༡.༩༢ ལེགས་གྲུབ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

རིན་སྤུངས་རྫོང་དུ་ཞིང་འབྲོག་མང་ཚོགས་ཚོས་ཀྱང་རྨོ་འདེབས་འགོ་ཚུགས་པའི་མཛད་སྒོ་གཟབ་རྒྱས་སྤེལ་ཞིང་ཚང་མས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་ཉི་ཤར་གྱི་སྐབས་དང་བསྟུན་ནས་ཞིང་ནང་དང་མུ་ཁར་འཛོམས་ཏེ་ཕན་ཚུན་ཕྱེ་མར་དང་མཆོད་ཆང་བཀྱག་ཅིང་གླུ་ལེན་གར་འཁྲབ་བྱས་ཏེ་ལོ་གསར་པའི་ནང་ཆར་ཆུ་དུས་སུ་འབབ་པ་དང་འབྲུ་རིགས་སྣ་ལྔའི་ལོ་ལེགས་ཡོང་བའི་སྨོན་འདུན་ཞུས་ཡོད།

འདི་ལོར། རིན་སྤུངས་རྫོང་གིས་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི ༥.༩༧ ལེགས་གྲུབ་བྱ་རྒྱུའི་འཆར་གཞི་ཡོད་པ་དང་ཞིང་ལས་ཐོན་སྐྱེད་ལ་མཁོ་བའི་རྫས་ལུད་ཏུན ༥༤༠ དུད་ཚང་ལ་སྤྲད་ཟིན་པ་དང་། ཞིང་སྨན་ཏུན ༤.༤༠༧ དང་ནས་ཀྱི་སོན་བཟང་རྒྱ་མ་ཁྲི ༣༣.༣༦ གོ་རིམ་ལྡན་པའི་ངང་གྲ་སྒྲིག་བྱེད་བཞིན་ཡོད།

ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་ལྷ་ཆོས་གྲོང་ཚོར་མང་ཚོགས་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཤིང་ཞིང་སྤྱོད་འཕྲུལ་ཆས ༦༣ ཞིང་ནང་དུ་ཕར་གཏོང་ཚུར་གཏོང་བྱེད་པ་དང་འཕྲུལ་འཁོར་གྱི་ལྡིར་སྒྲ་ཡང་ཡང་གྲགས་ནས་ཞིང་པ་རྣམས་ཀྱིས་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་ལ་བྲེལ་བཞིན་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

བཙོག་ཆུ་གཙང་སེལ་ལས་གྲྭས་དམངས་ལ་ཕན་བདེ་བསྐྲུན། པ་སྣམ་རྫོང་གིས་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ། གཞིས་རྩེས་ཞིང་ལས་འཕྲུལ་ཆས་ཅན་དང་གཞི་ཁྱོན་ཅན་དེ་བཞིན་ཚད་གཞི་ཅན་དུ་འཕེལ་རྒྱས་བཏང་། མཐའ་མཚམས་ཁུལ་དུ་གནས་པའི་འདྲེན་ཐང་གྲོང་རྡལ་གྱིས་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་དོ་ཁུར་ཆེན་པོ་བྱེད།