ཉེ་དུས། ཞིང་ལས་དངུལ་ཁང་རྒྱལ་རྩེ་ཉིང་ལག་དངུལ་ཁང་གིས་རྒྱལ་རྩེ་མི་དམངས་སྨན་ཁང་དང་ཝུའུ་ཧན་ཡོན་ཇིའི་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་ཐོག་བློ་རིག་སྨན་ཁང་སྤྱོད་འགོ་ཚུགས་པའི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།
རྒྱལ་རྩེ་རྫོང་མི་དམངས་སྨན་ཁང་བློ་རིག་སྨན་ཁང་གིས་གཅིག་གྱུར་ཕྱི་འབྲེལ་སྟེགས་བུའི་མ་ལག་དང་རང་འདེམས་ཞབས་ཞུའི་མ་ལག་བརྒྱུད་རྒྱ་ཆེའི་ནད་པར་ཨང་ཀི་བཀག་པ་དང་སྨན་རིན་སྤྲོད་པ། བློ་འདྲི་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ་མང་ཚོགས་ན་ཚ་བལྟ་བ་དང་སྨན་བཅོས་བྱ་རྒྱུར་དེ་བས་སྟབས་བདེ་བསྐྲུན་ཡོད་པ་རེད། ནད་པས་ཐབས་ལམ་དེ་བརྒྱུད་སྨན་ཁང་གི་སྒོ་བསྟེན་ཁང་དང་ནད་སྡོད་ཁང་གི་རང་འདེམས་འཕྲུལ་འཁོར་དང་འགུལ་བདེའི་མཐའ་སྣེའི་ཐོག་ནས་ཨང་ཀི་བཀག་པ་དང་སྨན་རིན་སྤྲོད་པ་སོགས་བྱས་ཆོག་གི་ཡོད་པ་རེད། །