ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི་ཞི་ཅིན་ཕིང་གི༼མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་རྒྱུན་འཁྱོངས་གཏོང་རྒྱུ་སྨྲ་བ༽ཞེས་པའི་ཨ་རབ་ཡི་གེའི་དཔར་མ་དེ་ཉེ་ཆར་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་ཡོད་པ་རེད།
ཞི་ཅིན་ཕིང་གི༼མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོར་རྒྱུར་སྐུལ་འདེད་རྒྱུན་འཁྱོངས་གཏོང་རྒྱུ་སྨྲ་བ༽ཞེས་པ་ནི་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་རྒྱུན་འཁྱོངས་གཏོང་རྒྱུའི་རྣམ་བཤད་ཀྱི་གལ་ཆེའི་གསུང་རྩོམ ༨༥ ཡི་ནང་བསྡུས་ཡོད། དེབ་དེའི་ཨ་རབ་ཡི་གེའི་དཔར་མ་དང་དེའི་གོང་དཔེ་སྐྲུན་བྱས་པའི་དབྱིན་ཡིག་དང་ཧྥ་རན་སིའི་ཡི་གེ། ལྗར་པན་གྱི་ཡི་གེ། ཨུ་རུ་སུའི་ཡི་གེ་བཅས་ཀྱི་དཔར་མས་ཕྱི་རྒྱལ་གྱི་ཀློག་པ་པོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པའི་འདུ་ཤེས་ལ་ཤེས་རྟོགས་གཏིང་ཟབ་ཡོང་རྒྱུ་དང་ཞི་ཅིན་ཕིང་གི་དགོངས་པའི་ཕུན་སུམ་ཚོགས་པའི་ནང་དོན་དང་རང་རྒྱལ་གྱི་ཕྱི་འབྲེལ་བྱེད་ཕྱོགས་སྲིད་ཇུས་སོགས་ལ་གོ་ལ་གཏིང་ཟབ་ལེན་ཐུབ་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་ཡོང་བ་བྱེད་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་རགས་བཤད་ཅེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ། ཞི་ཅིན་ཕིང་ནས་ཡབ་ལ་བསྐུར་བའི་འཕྲིན་ཡིག་ལས་འཕྲོས་པའི་གཏམ་རྒྱུད། ཏང་གི་ལོ་རྒྱུས་བསྐྱར་དྲན་བྱེད། ཏང་གི་ལོ་རྒྱུས་བརྟན་པོར་ངེས། རྒྱང་སྐྱོད་འགོ་ཚུགས་ཡུལ་གྱི་དར་རྒྱས་ཀྱི་ལེའུ་གསར་པ།