གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཏང་འཛུགས་སྐྱོང་གིས་རྣམ་པ་གསར་པ་བཏོད་རྒྱུར་ཁྲིད་སྟོན་བྱེད།

སྤེལ་དུས་: 2021ལོ་11ཟླ་09ཚེས་ 12:19 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་རྒྱལ་སྐྱོང་སྲིད་འཛིན་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ནང་བཅུག་ནས་དགོངས་པ་གསར་པ་རབ་དང་རིམ་པ་བཏོན་གནང་བ་དང་བཀོད་སྒྲིག་གསར་པ་རབ་དང་རིམ་པ་གནང་བ། བྱ་ཐབས་གསར་པ་རབ་དང་རིམ་པ་ལག་བསྟར་བྱས་ཏེ་ཏང་འཛུགས་སྐྱོང་གི་ཚན་རིག་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་དེ། ཀྲུང་གོའི་ཡར་ཐོན་དང་གོང་འཕེལ་ལ་སྣེ་ཁྲིད་བྱེད་པའི་བརྗིད་ཉམས་ལྡན་པའི་ལེའུ་བྲིས་ཡོད། དམིགས་བསལ་ཇུས་འགོད་ལེ་ཚན་༼རྒྱུགས་སྤྲོད་ལམ་གྱི་རྒྱུགས་ཤོག་འབྲི་མཁན༽ཞེས་པ་ལས། དེ་རིང་༼ཏང་འཛུགས་སྐྱོང་གིས་རྣམ་པ་གསར་པ་བཏོད་རྒྱུར་ཁྲིད་སྟོན་བྱེད༽ཅེས་པ་གཏོང་རྒྱུ་ཡིན།

འདས་མ་ཐག་པའི་གཟའ་མཇུག་ཏུ། ཁྲང་ཁྲུན་གྲོང་ཁྱེར་ཁོན་ཁྲེང་ཆུས་ཐོན་ཧྲན་ཁྲོམ་གཞུང་ཁྲང་ཧྲན་ཧྭ་ཡོན་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝུའུ་ཡ་ཆིན་གྱིས་ནམ་རྒྱུན་དང་འདྲ་བར་ལས་ཀར་འགྲོ་མཁན་ཁྱིམ་ཚང་ལ་འཚམས་འདྲི་གནང་ཡོད། དེ་སྔ་དཀའ་ངལ་ཧ་ཅང་ཆེ་ཞིང་ཁོར་ཡུག་བཙོག་ལ་ཟིང་ཆེ་བའི་སྡེ་ཁུལ་དེ་ད་ཆ་གྲོང་མི་རྣམས་བདེ་སྡོད་ལས་བརྩོན་ཆེ་བའི་ཧྭ་ཡོན་སྡེ་ཁུལ་ཞིག་ཏུ་གྱུར་ཡོད། ཝུའུ་ཡ་ཆིན་གྱིས་འགག་རྩ་ནི་སྡེ་ཁུལ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དེ་རེད། སྡེ་ཁུལ་ཏང་ཨུད་ཀྱིས་ཏང་ཡོན་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་གྲོང་མི་མང་ཚོགས་ཀྱི་དགོས་མཁོ་ཤེས་རྟོགས་བྱས་ནས་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་ཏེ་ང་ཚོའི་གྲོང་མི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་། ཐོབ་ཚོར། བདེ་ཚོར་བཅས་མཐོ་རུ་གཏོང་རྒྱུ་དེ་རེད་ཅེས་གསུངས་ཡོད།

ཁྲང་ཧྲན་ཧྭ་ཡོན་སྡེ་ཁུལ་གྱིས་བཙུགས་པའི་༼རིམ་པ་བཞིའི༽སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་གི་དྲ་བའི་ལས་དོན་མ་ལག་དང་དྲ་མིག་ཅན་གྱི་འགོ་ཁྲིད་དང་ཐོག་ཁང་འགོ་ཁྲིད། སྡེ་ཚན་གྱི་འགོ་ཁྲིད་བཅས་༼འགོ་ཁྲིད་གསུམ༽གྱི་སྡེ་ཁུལ་དོ་དམ་མ་ལག་ལ་ན་ནིང་ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གདེང་འཇོག་མཐོ་པོ་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོའི་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་པའི་རྨང་གཞི་ནི་ང་ཚོའི་གཞི་རིམ་ཡིན་པས་རྨང་གཞི་བརྟན་པོ་མེད་ན་ས་གཡོ་རི་འགུལ་བྱེད་སྲིད། རྨང་གཞི་དེ་ཇི་ལྟར་བརྟན་དུ་གཏོང་དགོས་སམ་ཞེ་ན། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ཏང་རྩ་འཛུགས་ཀྱི་ཤུགས་སྣོན་དང་སྣུར་སྲིང་དང་གསར་གཏོད་ལ་བརྟེན་ནས་གཞི་རིམ་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་རེད་ཅེས་གསུངས་ཡོད།

གུང་ཁྲན་ཏང་ཡོན་ཞིག་ནི་དམར་མདངས་བཀྲ་བའི་དར་ཆ་ཞིག་ཡིན་པ་དང་། གཞི་རིམ་ཏང་རྩ་འཛུགས་ཤིག་ནི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཡིན། ཁྱབ་ཁོངས་ཁག་ཏུ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་མངོན་དགོས། ཀྲུང་གོའི་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་གྱི་དུས་སུ་ཀྲུང་གུང་ཀྲུང་དབྱང་གིས་མཛད་རྗེས་འཇོག་མཁན་དཔེ་བཟང་ཏང་ཡོན་ ༢༩ ལ་ཏང་ནང་གི་མཚན་སྙན་མཐོ་ཤོས་ཏེ་༼བདུན་གཅིག་བྱས་རྗེས་གཟེངས་རྟགས༽སྤྲོད་རྒྱུའི་ཐག་བཅད་ཡོད། ༼བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན༽རྒྱལ་ཡོངས་ཀྱི་བྱེ་བཅོས་དཔའ་བོ་ཧྲི་ཀོང་དབྱིན་གྱིས་ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པས་ངས་དཀའ་ལས་བརྒྱབ་ནས་བྱེ་ཐང་དེར་ཤི་ཡང་འགྱོད་པ་མེད་ཅེས་དང་། ཁོང་གིས་ཏང་ནང་དུ་ཞུགས་དུས་ང་ཚོས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་དམ་བཅའ་བཞག་པ་མ་རེད་དམ་ཞེས་གསུངས།

ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་པའི་ཐོག་མའི་དུས་སུ་ཏང་ཡོན ༥༠ ལྷག་ཙམ་ལས་མེད་པ་དང་ད་ཆ་ཏང་ཡོན་ཁྲི ༩༥༠༠ ལྷག་ཙམ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་བརྒྱའི་ཏང་ཆེན་པོར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསང་བར་འཆད་འགྲེལ་འདི་ལྟར་གནང་བ་སྟེ། ༼ང་ཚོའི་ཏང་གིས་བསྲེགས་བཅད་བརྡར་གསུམ་བརྒྱུད་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྒྱུ་རྐྱེན་གལ་ཆེ་བ་ཞིག་ནི་ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གིས་ཏང་སྐྱོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དེ་རེད། ༽ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་༼སྟག་སྦྲང་མཉམ་རྡུང་༽བྱ་རྒྱུ་དེ་རྒྱལ་ཁབ་ཕྱི་ནང་གི་རྣ་བར་འཇགས་ཤིང་ངག་ལ་འཇགས་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བཅའ་ཞིག་ཏུ་གྱུར་པ་དང་། བསྡོམས་རྩིས་ལྟར་ན་། ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་དཔོན་རིགས ༤༠༠ ཙམ་འཛིན་བཟུང་བྱས་ཡོད།

སྤྱི་ལོ ༢༠༡༢ ལོའི་ཟླ ༡༡ པར། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་མིང་ཐོག་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་དང་མཇལ་འཕྲད་ཐེངས་དང་པོ་གནང་སྐབས་ཏང་ནན་པོས་སྐྱོང་དགོས་པའི་བཀའ་རྒྱ་བཏང་གནང་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་སོགས་ལམ་ལུགས་རབ་དང་རིམ་པ་བཏོན་པ་དང་ཆབས་ཅིག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་ཏང་ཡོངས་སུ་སྤེལ་བ་དང་གཞུང་དངུལ་སྤྱད་དེ་བཟའ་བཏུང་དང་། བག་མེད་ལོངས་སྤྱོད། ཕྱི་ཚུལ་རིང་ལུགས། དཔོན་ཉམས་རིང་ལུགས་སོགས་མི་དམངས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གནད་དོན་མངོན་གསལ་ཅན་རེ་རེ་བཞིན་བཀག་སྡོམ་བྱས་ཡོད། ལྟ་ཞིབ་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་ནས་ཏང་ནང་གི་སྒྲིག་སྲོལ་གསར་པ་རབ་དང་རིམ་པ་ཚགས་དམ་པོར་བཏོན་པ་དང་དབང་ཆ་ལམ་ལུགས་ཀྱི་རླུང་ཙེའི་ནང་བཅུག་ཡོད། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་སྒོ་བྱང་བཀལ་ནས་བཙུགས་ཏེ་སྤྱི་པའི་དབང་ཆ་སྤྱོད་མཁན་གཞུང་ཞབས་པ་ཡོངས་ལ་ལྟ་ཞིབ་བྱ་རྒྱུ་ཁྱོན་ཡོངས་སུ་ཁྱབ་ཡོད།

ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱོད་གཞི་ལྟ་སྐུལ་དོ་དམ་ཁང་གི་ཀྲུའུ་རེན་གཞོན་པ་ཧན་ཅིན་ཕིང་གིས་རུལ་སུངས་ལ་ཆད་པ་གཅོད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་པ་བརྒྱུད་རུལ་སུངས་བྱེད་མི་ཕོད་པའི་ཟིལ་གནོན་ཆེན་པོ་ཞིག་ཆགས་པ་དང་གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་རུལ་སུངས་བྱེད་མི་རུང་བའི་ལམ་ལུགས་ཀྱི་རླུང་ཙི་སྔར་བས་དམ་དུ་བཏང་བ་དང་ཆབས་ཅིག་བསམ་བློའི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་རུལ་སུངས་བྱེད་མི་འདོད་པའི་བསམ་བློའི་རང་རྟོགས་ཤིག་ཆགས་ཡོད་ཅེས་གསུངས་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་བརྗེའི་ཞབས་རྗེས་དེ་གསར་བརྗེའི་དྲན་གསོའི་ས་ཆ་མང་པོར་ཁྱབ་ཡོད་པ་དང་ཁོང་གིས་ལོ་རྒྱུས་ནི་སློབ་དེབ་ཡག་ཤོས་ཤིག་རེད་ཅེས་ནན་བཤད་ཐེངས་མང་གནང་ཡོད། ད་ལོ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་སྤེལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ནང་དུ་རྟོག་ཞིབ་གནང་ཐེངས་རེར་ཉམས་ལེན་འབད་སྒྲུབ་གནང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཡག་པོ་ཁྲིད་གནང་ཡོད། ཀོང་ཞིའི་ཆོན་ཀྲའུ་རྫོང་གི་དམར་དམག་རྒྱང་སྐྱོད་ཞང་ཅང་གཡུལ་འགྱེད་དྲན་གསོ་ཁང་དུ་ཞི་ཅིན་ཕིང་གིས་རང་སྲོག་བློས་གཏོང་བར་མི་འཛེམ་པའི་དམར་དམག་གི་དཔོན་དམག་ཚོས་གང་ལ་བརྟེན་པ་ཡིན་ནམ། ཕུགས་བསམ་དང་ཡིད་ཆེས་ལ་བརྟེན་པ་ཡིན། ང་ཚོས་ལོ་ངོ་བརྒྱ་རྗེས་མར་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་འཆང་དགོས་ཞེས་གསུངས་ཡོད།

ཧུའུ་ཡ་ཤིན་གྱི་སྤོ་བོ་ལགས་སྔོན་ཆད་གཡུལ་འགྱེད་འདི་ལ་ཞུགས་མྱོང་། ད་ལྟ་ཁོང་ནི་དྲན་གསོ་ཁང་གི་ལོ་རབས ༩༠ རྗེས་ཀྱི་འགྲེལ་བཤད་པ་ཞིག་ཡིན། ཧུའུ་ཡ་ཤིན་གྱིས་ངས་འགྲེལ་བཤད་བརྒྱབ་པ་བརྒྱུད་མི་དེ་བས་མང་བས་དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་ཤེས་རྟོགས་ཐུབ་པ་དང་དམར་དམག་གི་འཐབ་འཛིང་པ་ཚོའི་དད་མོས་ཀྱི་འོད་སྣང་མུ་མཐུད་གསལ་བར་བྱས་ནས་ལྟ་སྐོར་དུ་ཡོང་མཁན་ལྟད་མོ་བ་ཚང་མར་འོད་སྣང་སྦྱིན་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།

སྤྱི་ལོ ༢༠༡༣ ལོ་ནས་བཟུང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་ལག་ལེན་བྱེད་སྒོ་དང་། ནན་གསུམ་དྲང་གསུམ་གྱི་ཆེད་དོན་སློབ་གསོ། སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་བཅས་རྒྱུན་མཐུད་ངང་སྤེལ་བས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བསམ་པའི་འཚོ་བཅུད་ཁ་གསབ་ཐུབ་ཡོད་ལ། དད་མོས་ཀྱི་རྨང་གཞི་བརྟན་དུ་སོང་ཡོད་པ་རེད།

ལོ་བརྒྱའི་ཏང་ཆེན་པོ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་འགོ་ཚུགས་པ་དང་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་མུ་མཐུད་སྐུལ་འདེད་གཏོང་ངེས་རེད།

ཞི་ཅིན་ཕིང་གིས་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ང་ཚོས་ལྕགས་རྡུང་བར་ངེས་པར་དུ་རང་ངོས་མཁྲེགས་པོ་དགོས་པའི་གནས་ལུགས་བློ་ལ་བརྟན་པོར་ངེས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་ལམ་དུ་ཡོད་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་པར་མུ་མཐུད་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཏང་ཡོན་ལས་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་དགོས། ཞི་ཅིན་ཕིང་གི༼མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་རྒྱུན་འཁྱོངས་གཏོང་རྒྱུ་སྨྲ་བ༽ཞེས་པའི་ཨ་རབ་ཡི་གེའི་དཔར་མ་འགྲེམ་སྤེལ་བྱས་པ། མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་ཡོང་བ་བྱེད་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་རགས་བཤད་ཅེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ། ཞི་ཅིན་ཕིང་ནས་ཡབ་ལ་བསྐུར་བའི་འཕྲིན་ཡིག་ལས་འཕྲོས་པའི་གཏམ་རྒྱུད།