གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཙོ་ཁོ་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

སྤེལ་དུས་: 2020ལོ་04ཟླ་14ཚེས་ 15:43 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞི་ཅིན་ཕིང་དང་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁོས་ཀྲུང་ཧིན་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་ ༧༠ འཁོར་བའི་ཐད་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ ༤ པའི་ཚེས ༡༣ ཉིན་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁོ་དང་ཕན་ཚུན་དབར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ཡི་སྤེལ་རེས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་ ༧༠ འཁོར་བའི་ནང་། ཕྱོགས་གཉིས་པོའི་འབྲེལ་བ་གོང་འཕེལ་ཡག་པོ་བྱུང་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་ནང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གནས་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་། མཉམ་ལས་ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་ཆེ་རུ་ཕྱིན་པ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ། རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ཁྲོད་གཞོགས་འདེགས་དམ་ཟབ་བྱུང་བ་བཅས་ཀྱིས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་ཐུབ་ཡོད་པ་དང་། ས་ཁུལ་དང་གོ་ལ་ཧྲིལ་པོའི་དར་རྒྱས་བརྟན་ལྷིང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བསྟན་གནང་བ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡར་ཕྱོགས་གཉིས་དང་། ས་ཁུལ། ཕྱོགས་མང་བཅས་ཀྱི་ཐུན་མོང་ཁེ་ཕན་མང་པོ་ཡོད་པ་དང་། མཉམ་ལས་བྱེད་གཞི་ཡང་ཧ་ཅང་ཆེན་པོ་ཡོད། ཀྲུང་གོས་མུ་མཐུད་ཧིན་རྡུ་ཉི་ཞི་ཡ་དང་ཕྱར་བ་གྲུ་འདེགས་ཀྱིས། ཏོག་གསར་གློ་ཚད་ནད་ཡམས་ལས་རྣམ་པར་རྒྱལ་བ་བྱ་རྒྱུ་ཡིན། ངོས་ནས་ཧིན་རྡུ་ཉི་ཞི་ཡའི་བར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་པོ་བྱེད་ཀྱི་ཡོད་ལ། ཙུང་ཐུང་ཙོ་ཁོ་དང་མཉམ་དུ་ཀྲུང་ཧིན་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་གོང་འཕེལ་ཐད་ནང་དོན་གསར་པ་བསྣན་ནས། ས་ཁུལ་གྱི་གོང་འཕེལ་ལ་རོགས་འདེགས་ནུས་པ་གསར་སྣོན་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།

ཙོ་ཁོས་རྟེན་འབྲེལ་གློག་འཕྲིན་ནང་། ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོར་ཡུན་རིང་བའི་ལོ་རྒྱུས་དང་རིག་གནས་ཀྱི་ལྟེ་བ་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་ཁག་གི་སྤེལ་རེས་ཟབ་ཅིང་། མཛའ་བཤེས་ཟབ་མོ་ཆགས་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བས་ལོ་ངོ་ ༧༠ བརྒྱུད་པས་ད་ཆ་ཆ་རྫོགས་པར་གྱུར་ཡོད། འདི་ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡར་ཐོབ་པའི་མངོན་གསལ་དོད་པའི་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་ཤིག་ཡིན། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གིས་མཉམ་ལས་ཀྱི་གོ་སྐབས་ཟམ་མི་ཆད་པར་གཏོད་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་བཞིན་ཡོད། དེ་ནི་ཕྱོགས་གཉིས་པོས་སྤོབས་པ་བྱེད་རིན་ཡོད་པ་ཞིག་རེད། ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བའི་སྒྲོམ་གཞིའི་འོག ཕྱོགས་གཉིས་པོས་མཉམ་ལས་ཀྱི་སྙིང་སྟོབས་བཅངས་ན། རྒྱལ་ཁབ་གཉིས་པོ་ཟམ་མི་ཆད་པར་གོང་འཕེལ་དང་དར་རྒྱས་འགྲོ་བར་ངེས་པ་དང་། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་ཆེད་ལེགས་སྐྱེས་འབུལ་ཐུབ་ངེས་རེད་ཅེས་གསུངས་གནང་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཧྥེ་ལན་གྱི་ཙུང་ཐུང་ལ་ཞལ་པར་བསྐྱོན་པ། ཞི་ཅིན་ཕིང་གིས་ཅི་འར་ཅི་སི་སི་ཐན་གྱི་ཙུང་ཐུང་ལ་ཞལ་པར་བསྐྱོན་པ། ཞི་ཅིན་ཕིང་གིས་སེར་ཝེ་ཡའི་ཙུང་ཐུང་ལ་ཞལ་པར་བསྐྱོན་པ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།