སྤྱི་ཚེས ༡༤ ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེར་ཝེ་ཡའི་ཙུང་ཐུང་ཝུ་ཆི་ཆིར་ཞལ་པར་བསྐྱོན་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བ་ནི་གཏིང་ཟབ་པའི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་ཡིན། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཚོད་བགམ་འཕྲད་སྐབས་རྒྱལ་ཁབ་གཉིས་པོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤུན་ཟླ་ལྟ་བུའི་བརྩེ་བ་དང་ཕན་ཚུན་ལྟ་རྟོག་བྱེད་པའི་གྲོགས་པོའི་ལ་རྒྱ་མངོན་པར་བྱས་ཡོད། མིག་སྔར་སེར་ཝེ་ཡའི་མི་དམངས་ལ་རིམས་ནད་ཀྱི་འཇིགས་སྣང་འཕྲད་པ་དེ་རང་ཉིད་ལ་འཕྲད་པ་ལྟ་བུའི་ཚོར་བ་ཡོང་གི་འདུག ཀྲུང་གོས་སེར་ཝེ་ཡར་དགོས་མཁོ་ཆེ་བའི་སྨན་བཅོས་འགོག་སྲུང་དངོས་པོ་མཁོ་འདོན་བྱས་པ་དང་། ཆུ་ཚད་མཐོ་བའི་སྨན་བཅོས་རིགས་གཅིག་མཁས་པའི་ཚོགས་ཆུང་མངགས་གཏོང་བྱས་ཡོད། ཀྲུང་གོས་མུ་མཐུད་སེར་ཝེ་ཡའི་ཕྱོགས་ལ་རོགས་རམ་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཁྱེད་ཀྱི་སྟོབས་ཆེའི་འགོ་ཁྲིད་འོག་ཞུམ་པ་མེད་པའི་སེར་ཝེ་ཡའི་མི་དམངས་ནས་རིམས་ནད་ལས་སྔ་ཙམ་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་སེར་ཝེ་ཡའི་གཏིང་ཟབ་པའི་མཛའ་གྲོགས་ནི་ཁྲག་དྲོན་དང་བློ་སྟོབས་ལ་བརྟེན་ནས་བཏོད་པ་ཞིག་ཡིན་ཞིང་། ཉེན་ཁ་དང་འགྲན་རྩོད་གང་ཞིག་འཕྲད་ནའང་གང་དེས་ཀྲུང་གོ་དང་སེར་ཝེ་ཡའི་མཛའ་གྲོགས་ཟབ་མོ་སྔར་བས་བརྟན་དུ་འགྲོ་རྒྱུ་རེད། ཀྲུང་གོའི་ཕྱོགས་ནས་སེར་ཝེ་ཡ་དང་མཉམ་དུ་རྒྱལ་སྤྱིའི་དྲང་བདེན་མཐའ་གཅིག་ཏུ་སྲུང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། རིམས་ནད་མཉམ་དུ་འགོག་པའི་ཚོད་བགམ་འཕྲད་པ་དེས་ཀྲུང་གོ་དང་སེར་ཝེ་ཡའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བའི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པར་འགྱུར་བའི་ཡིད་ཆེས་ཡོད། ཀྲུང་གོ་དང་སེར་ཝེ་ཡའི་མཛའ་གྲོགས་ཡུན་དུ་གནས་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།
ཝུ་ཆི་ཆིས། ཀྲུང་གོས་རིམས་ནད་ཚོད་འཛིན་ཐུབ་པར་ང་རང་དགའ་ཚོར་ཆེན་པོ་བྱུང་། སེར་ཝེ་ཡའི་མི་དམངས་ལ་དཀའ་ངལ་འཕྲད་སྐབས་ཀྲུང་གོས་རོགས་རམ་བྱས་པ་དང་། ལྷག་པར་དུ་ཀྲུང་གོའི་སྨན་བཅོས་རིགས་གཅིག་མཁས་པའི་ཚོགས་ཆུང་གིས་སེར་ཝེ་ཡའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བ་ང་ཚོས་ནམ་ཡང་བརྗེད་མི་སྲིད། སེར་ཝེ་ཡའི་མི་དམངས་ནས་རིམས་ནད་ལས་རྣམ་པར་རྒྱལ་བར་ཀྲུང་གོས་རེ་བ་བྱིན་ཡོད། དཀའ་ངལ་དང་འགྲན་རྩོད་གང་ཞིག་འཕྲད་རུང་སེར་ཝེ་ཡའི་མི་དམངས་ནི་ནམ་ཡང་ཀྲུང་གོའི་མི་དམངས་ཀྱི་ལྷག་བསམ་དག་ལ་བློས་འགེལ་ཆོག་པའི་གྲོགས་པོ་ཞིག་ཡིན། སེར་ཝེ་ཡའི་ཕྱོགས་ནས་སེར་ཝེ་ཡར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་ལྟ་རྟོག་གང་ཐུབ་བྱ་རྒྱུ་ཡིན། ང་རང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་འགྲོ་འོང་ཟབ་མོ་རྒྱུན་འཁྱོངས་དང་། སེར་ཝེ་ཡ་དང་ཀྲུང་གོའི་མཛའ་གྲོགས་ཁྲི་ལོར་བརྟན་པ་ཤོག་ཅེས་གསུངས་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཧྥེ་ལན་གྱི་ཙུང་ཐུང་ལ་ཞལ་པར་བསྐྱོན་པ། ཞི་ཅིན་ཕིང་གིས་ཅི་འར་ཅི་སི་སི་ཐན་གྱི་ཙུང་ཐུང་ལ་ཞལ་པར་བསྐྱོན་པ། ཞི་ཅིན་ཕིང་གིས་ཙོ་ཁོ་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།