གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཧྥེ་ལན་གྱི་ཙུང་ཐུང་ལ་ཞལ་པར་བསྐྱོན་པ།

སྤེལ་དུས་: 2020ལོ་04ཟླ་17ཚེས་ 10:35 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཚེས ༡༤ ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་ཧྥེ་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐོར་ཞལ་པར་བསྐྱོན་གནང་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ཏེ། ཧྥེ་ལན་སྲིད་གཞུང་དང་ཧྥེ་ལན་མི་དམངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཐད་ལྷག་བསམ་དག་པའི་འཚམས་འདྲི་དང་འགྱུར་མེད་ཀྱི་རྒྱབ་སྐྱོར་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། མིའི་རིགས་ནི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་མ་ལག་ཅིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ཤུགས་སྒྲིལ་བ་བྱས་ནས་ད་གཟོད་དཀའ་ངལ་ལས་གྲོལ་ཞིང་། རིམས་ནད་ལས་སྒྲོལ་ཐུབ། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་ཁབ་ཁག་དང་མཉམ་དུ་གོ་ལའི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་གི་གོང་འཕེལ་ལ་སྐུལ་འདེད་གཏོང་འདོད་ཡོད། ང་ཚོས་སྨན་བཅོས་རིམས་འགོག་དངོས་ཟོག་གི་ཐོན་ནུས་སྔོན་ལ་སླར་གསོ་དང་མཐོར་གཏོང་བྱས་ཏེ་གོ་ལའི་ཐོན་ལས་སྦྲེལ་ཐག་གི་མཁོ་སྤྲོད་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོབ་བྱས་ཐོག་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་དང་འཛམ་གླིང་དཔལ་འབྱོར་བརྟན་པོ་ཡོང་རྒྱུར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། མི་རིང་བའི་གོང་དུ། ཀྲུང་གོས་ཧྥེ་ལན་ཚུད་པའི་ཡོ་རོབ་རྒྱལ་ཁབ་དང་མཉམ་དུ་རིམས་འགོག་ལས་དོན་གྱི་བརྙན་མཐོང་གྲོས་ཚོགས་འཚོགས་ཡོད། ཀྲུང་གོས་མུ་མཐུད་དེ་ཧྥེ་ལན་ཕྱོགས་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཉམས་མྱོང་སྤེལ་རེས་བྱ་འདོད་ཡོད་ལ། ཧྥེ་ལན་ཕྱོགས་ཀྱིས་མིག་སྔའི་རིམས་འགོག་དངོས་ཟོག་མི་འདང་བའི་དཀའ་ངལ་སོགས་ཐག་གཅོད་བྱ་རྒྱུར་རོགས་རམ་བྱ་འདོད་ཡོད། སྐུ་ཞབས་ཙུང་ཐུང་མཆོག་གི་དབུ་ཁྲིད་འོག ཧྥེ་ལན་མི་དམངས་ཀྱིས་མུ་མཐུད་དེ་བློ་བརྟན་ཞུམ་མེད་ཀྱི་ཡོ་རོབ་ནུབ་མའི་སྙིང་སྟོབས་དར་སྤེལ་བཏང་ན་རིམས་ནད་དེ་ལས་རྣམ་པར་རྒྱལ་ངེས་རེད། ཧྥེ་ལན་ཕྱོགས་ཀྱིས་ཧྥེ་ལན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ལྷག་པར་དུ་ཕྱིར་སྦྱོང་སློབ་མའི་བདེ་འཇགས་འགན་སྲུང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་དེ་འབྲེལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་རེ་བ་ཡོད། མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱས་པ་བརྒྱུད་ཀྲུང་གོ་དང་ཧྥེ་ལན་གྱི་མཛའ་གྲོགས་སྔར་བས་ཟབ་ཏུ་འགྲོ་རྒྱུར་ཡིད་ཆེས་ཡོད།

རིམས་ནད་མཇུག་སྒྲིལ་རྗེས། ཕྱོགས་གཉིས་པོས་གང་མགྱོགས་བང་རིམ་སོ་སོའི་མི་སྣའི་འགྲོ་འོང་སླར་གསོ་དང་། ཚན་རྩལ་གསར་གཏོད་དང་ཆ་འཕྲིན་འཕྲིན་གཏོང་། ཚེ་སྲོག་ཚན་རིག་སོགས་ཁྱབ་ཁོངས་མཉམ་ལས་ཀྱི་ལྐོག་ཤུགས་འདོན་སྤེལ་བྱས་ནས་ཀྲུང་གོ་དང་ཧྥེ་ལན་གྱི་འབྱུང་འགྱུར་ལ་ཕྱོགས་པའི་རྣམ་པ་གསར་པའི་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད་པ་རེད།

ཉི་ཉི་སི་ཐོས། མིག་སྔར། ཧྥེ་ལན་གྱི་རིམས་ནད་གནས་ཚུལ་ཛ་དྲག་པོ་ཡོད་པ་དང་། དེའི་ཐད་ཧྥེ་ལན་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱེད་བཞིན་ཡོད། ཀྲུང་གོས་ང་ཚོར་འབྲེལ་ཡོད་ཉམས་མྱོང་མཉམ་སྤྱོད་གནང་བས་ཕན་ཐོགས་ཆེན་པོ་བྱུང་། ཀྲུང་གོས་སྨན་བཅོས་རིམས་འགོག་དངོས་ཟོག་སོགས་ཀྱི་ཐད་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧྥེ་ལན་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་གང་མགྱོགས་རིམས་ནད་ལས་རྣམ་པར་རྒྱལ་རྒྱུའི་རེ་བ་འཆང་བཞིན་ཡོད། ང་རང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་ལ་བསྔགས་བརྗོད་ཞུ་རྒྱུ་དང་། ཀྲུང་གོས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་ཡོ་རོབ་རྒྱལ་ཁབ་བར་མཉམ་ལས་དམ་ཟབ་སྤེལ་བ་མ་ཟད་རྒྱལ་ཁབ་ཉི་ཤུ་ཚོགས་པའི་སྒྲོམ་གཞིའི་ནང་ཁོངས་སུ་གོ་ལའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་མཉམ་ལས་ལ་སྐུལ་འདེད་བཏང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་སླར་གསོ་དང་གོང་འཕེལ་བྱུང་བ་དེ་འཛམ་གླིང་ངོས་ནས་བརྗོད་ན་ཧ་ཅང་གི་གལ་འགངས་ཆེན་པོ་རེད། ཧྥེ་ལན་ཕྱོགས་ཀྱིས་མུ་མཐུད་ཧྥེ་ལན་དུ་ཡོད་པའི་ཀྲུང་གོའི་མི་དམངས་ལ་ལྟ་རྟོག་ཡག་པོ་བྱ་རྒྱུ་ཡིན། ང་རང་ནས་སྐུ་ཉིད་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཧྥེ་ལན་དང་ཀྲུང་གོའི་འབྲེལ་བ་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཅི་འར་ཅི་སི་སི་ཐན་གྱི་ཙུང་ཐུང་ལ་ཞལ་པར་བསྐྱོན་པ། ཞི་ཅིན་ཕིང་གིས་སེར་ཝེ་ཡའི་ཙུང་ཐུང་ལ་ཞལ་པར་བསྐྱོན་པ། ཞི་ཅིན་ཕིང་གིས་ཙོ་ཁོ་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།