གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཅི་འར་ཅི་སི་སི་ཐན་གྱི་ཙུང་ཐུང་ལ་ཞལ་པར་བསྐྱོན་པ།

སྤེལ་དུས་: 2020ལོ་04ཟླ་17ཚེས་ 10:26 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཚེས ༡༤ ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅི་འར་ཅི་སི་སི་ཐན་གྱི་ཙུང་ཐུང་རེ་ཨེན་པེ་ཁོ་ཧྥུར་ཞལ་པར་བསྐྱོན་ཡོད།

ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་འགོས་ཁྱབ་འགྲོ་བ་དེས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་ལ་འཇིགས་སྣང་ཆེན་པོ་བཟོས་ཡོད། ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་དཀའ་ཚེགས་ཆེ་བའི་སྐབས་སུ་ཅི་འར་ཅི་སི་སི་ཐན་སྲིད་གཞུང་གིས་དཀའ་ངལ་ཁྱད་བསད་ཀྱིས་དུས་ཐོག་ཏུ་ཀྲུང་གོར་སྨན་བཅོས་དངོས་པོ་རོགས་རམ་བྱས་ཡོད། ཅི་འར་ཅི་སི་སི་ཐན་གྱི་སྤྱི་ཚོགས་ལས་རིགས་ཁག་གིས་རྣམ་པ་སྣ་ཚོགས་བརྒྱུད་ཀྲུང་གོའི་རིམས་འགོག་འཐབ་རྩོད་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱས་པར་དགའ་ཚོར་ཆེན་པོ་བྱུང་། ཀྲུང་གོའི་མི་དམངས་དང་ཅི་འར་ཅི་སི་སི་ཐན་མི་དམངས་བར་སྤུན་ཟླ་ལྟ་བུའི་བརྩེ་བ་ལྡན་ཡོད། ཅི་འར་ཅི་སི་སི་ཐན་ལ་མིག་སྔར་འཕྲད་པའི་དཀའ་ངལ་དེ་རང་ཉིད་ལ་འཕྲད་པ་ལྟ་བུའི་ཚོར་བ་ཡོང་གི་འདུག ཅི་འར་ཅི་སི་སི་ཐན་མི་དམངས་དང་མཉམ་དུ་རིམས་ནད་འགོག་པ་དང་། མུ་མཐུད་ཅི་འར་ཅི་སི་སི་ཐན་ལ་རང་ནུས་ལ་དཔག་པའི་རོགས་རམ་བྱེད་པ། སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་དང་བརྟག་དཔྱད་སྨན་བཅོས་ཀྱི་ཇུས་གཞི་མཉམ་སྤྱོད་བྱེད་པ། གང་མགྱོགས་སྨན་བཅོས་རིགས་གཅིག་མཁས་པ་མངགས་གཏོང་བྱ་རྒྱུ་ཡིན། ཁྱེད་ཀྱི་འགོ་ཁྲིད་འོག་ཅི་འར་ཅི་སི་སི་ཐན་ཕྱོགས་ནས་གང་མགྱོགས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བསྟན་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཅི་འར་ཅི་སི་སི་ཐན་ནི་རི་ཆུ་འབྲེལ་བའི་མཛའ་གྲོགས་ཁྱིམ་མཚེས་དང་ཁྱོན་ཡོངས་འཐབ་ཇུས་རོགས་པ་ཡིན། ཀྲུང་གོས་ཅི་འར་ཅི་སི་སི་ཐན་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་དང་། ཕྱོགས་གཉིས་བང་རིམ་དང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཐུན་སྒྲིལ་དང་། མཐུན་སྦྱོར། མཉམ་ལས་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱར་བ་གྲུ་འདེགས་དང་སོ་སྲུང་རོགས་རེས་བྱས་ཏེ། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་དང་། འཛམ་གླིང་དཔལ་འབྱོར་འཕར་སྣོན་ཡོང་རྒྱུ་སླར་གསོ་ཐུབ་རྒྱུར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན། ཕྱོགས་གཉིས་པོས་ཕན་ཚུན་བར་གྱི་སྲོག་ཤིང་གི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་གི་མཉམ་སྐྲུན་ལ་སྐུལ་འདེད། ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་སྟོན་གནང་ཡོད།

རེ་ཨེན་པེ་ཁོ་ཧྥུས། ཀྲུང་གོར་རིམས་ནད་འགོག་རྒོལ་བྱེད་པའི་ཐད་དུས་མཚམས་རིང་བཞིན་གྱི་གལ་ཆེའི་གྲུབ་འབྲས་ཐོབ་པ་དེས་གོ་ལ་ཧྲིལ་པོའི་རིམས་ནད་ལ་འཐབ་རྩོད་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་པ་མ་ཟད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད། དེར་ཅི་འར་ཅི་སི་སི་ཐན་ཕྱོགས་ནས་སྙིང་དབུས་ནས་ཡི་རངས་ཞུ་བཞིན་ཡོད། ད་ཐེངས་རིམས་ནད་ཀྱིས་ཁྱེད་ནས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་ལག་བསྟར་བྱེད་པའི་ཁ་ཚ་དགོས་གཏུག་རང་བཞིན་དང་། དོན་དངོས་རང་བཞིན། དུས་རབས་རང་བཞིན་བཅས་སླར་ཡང་མངོན་ཡོད། ཀྲུང་གོའི་ཕྱོགས་ནས་ཀྲུང་གོར་ཡོད་པའི་ཅི་འར་ཅི་སི་སི་ཐན་གྱི་སྤྱི་དམངས་ལ་ཐུགས་ཁུར་དང་ལྟ་རྟོག་གནང་བ་མ་ཟད་དུས་ཐོག་ཏུ་ཅི་འར་ཅི་སི་སི་ཐན་གྱིས་རིམས་ནད་འགོག་རྒོལ་བྱེད་པར་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཅི་འར་ཅི་སི་སི་ཐན་ནི་ནམ་ཡང་ཀྲུང་གོའི་མི་དམངས་ཀྱི་ཡིད་རྟོན་རུང་བའི་གྲོགས་པོ་ཡག་པོ་དང་རོགས་པ་ཡག་པོ་ཡིན། ཅི་འར་ཅི་སི་སི་ཐན་ཕྱོགས་ནས་ཀྲུང་གོ་དང་ཞིང་ལས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་མཉམ་དུ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཧྥེ་ལན་གྱི་ཙུང་ཐུང་ལ་ཞལ་པར་བསྐྱོན་པ། ཞི་ཅིན་ཕིང་གིས་སེར་ཝེ་ཡའི་ཙུང་ཐུང་ལ་ཞལ་པར་བསྐྱོན་པ། ཞི་ཅིན་ཕིང་གིས་ཙོ་ཁོ་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།