གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཚན་རིག་མཁས་ཅན་ཁོང་རྣམ་པར་འཕྲིན་ལན་བསྐུར་གནང་བ།

སྤེལ་དུས་: 2020ལོ་04ཟླ་26ཚེས་ 10:36 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞི་ཅིན་ཕིང་གིས་ཤར་ཕྱོགས་དམར་པོ་དང་པོ་རྟགས་ཅན་གྱི་ལས་འགན་ནང་ཞུགས་མཁན་ཚན་རིག་མཁས་པ་རྒན་གྲས་ཚོར་འཕྲིན་ལན་བསྐུར་གནང་ནས་དཀའ་ངལ་སྣ་ཚོགས་ལས་རྣམ་པར་རྒྱལ་ཕོད་པ་དང་མཁའ་སྐྱོད་ཚན་རྩལ་གྱི་མཐོ་རྩེར་འཛེགས་ཕོད་པ་བྱ་དགོས་ཞེས་ནན་གསུང་གནང་བ།

ཀྲུང་གོའི་མཁའ་སྐྱོད་ཉིན་མོ་ཐེངས་ལྔ་པ་དང་ཤར་ཕྱོགས་དམར་པོ་དང་པོ་རྟགས་ཅན་གྱི་སྲུང་སྐར་འཕེན་གཏོང་ལེགས་གྲུབ་བྱུང་ནས་ལོ་ངོ་ལྔ་བཅུ་འཁོར་བའི་མཚམས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ ༤ ཚེས ༢༣ ཉིན་ཤར་ཕྱོགས་དམར་པོ་དང་པོ་རྟགས་ཅན་གྱི་ལས་དོན་ནང་ཞུགས་མྱོང་བའི་ཚན་རིག་མཁས་ཅན་རྒན་གྲས་རྣམས་ལ་འཕྲིན་ལན་གནང་ནས། ཁོང་རྣམ་པར་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་བ་མ་ཟད་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དར་སྤེལ་དང་། མཁའ་སྐྱོད་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བའི་ཐད་རྒྱ་ཆེའི་མཁའ་སྐྱོད་ལས་དོན་པར་རེ་བ་ནན་པོ་བཅོལ་གནང་ཡོད།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཤར་ཕྱོགས་དམར་པོ་དང་པོ་རྟགས་ཅན་གྱི་ལས་འགན་ལེགས་གྲུབ་བྱེད་པའི་ནང་ཞུགས་མཁན་ཡིན་པའི་ངོས་ནས་ཁྱེད་རྣམ་པའི་ལང་ཚོ་མེས་རྒྱལ་གྱི་མཁའ་སྐྱོད་བྱ་གཞག་ཐད་ཕུལ་གནང་བ་དང་། ད་ཆ་མི་ཚེའི་ཚེ་མཇུག་འདིར་སྔར་བཞིན་མེས་རྒྱལ་གྱི་མཁའ་སྐྱོད་ཀྱི་འབྱུང་འགྱུར་ལ་དོ་ཁུར་གནང་བཞིན་ཡོད་པས། ང་རང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ལོ་ངོ་ལྔ་བཅུའི་གོང་། ང་རང་གིས་ཧྲན་པེ་ལེའང་ཅ་ཧོ་ནས། ཤར་ཕྱོགས་དམར་པོ་དང་པོ་རྟགས་ཅན་གྱི་སྲུང་སྐར་འཕེན་གཏོང་ལེགས་གྲུབ་བྱུང་བའི་གཏམ་བཟང་གོ་དུས་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བྱུང་། དེ་དུས། ཁྱེད་རྣམས་ནས་སྙིང་སྟོབས་ཡར་འཕེལ་དང་། དཀའ་སྤྱད་སྙིང་རུས་ཀྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་སྤོབས་པ་བྱེད་འོས་པའི་རླབས་ཆེའི་གྲུབ་འབྲས་གཏོད་ཡོད། དེ་ལས་ཀྲུང་ཧྭ་མི་རིགས་ཀྱི་ཞུམ་པ་མེད་པའི་རླབས་ཆེའི་སྙིང་སྟོབས་མཚོན་ཡོད། མཁའ་སྐྱོད་པ་རྒན་རབས་ཚོའི་མཛད་རྗེས་ཀྲུང་གོ་གསར་པའི་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་སྔ་ས་ནས་འཁོད་ཟིན་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཆ་རྐྱེན་ལ་འགྱུར་ལྡོག་གང་འདྲ་བྱུང་རུང་། རང་སྟོབས་རང་སྤེལ་དང་། དཀའ་སྤྱད་འབད་འཐབ་བྱེད་པའི་སྙིང་སྟོབས་དོར་མི་རུང་། དུས་རབས་གསར་པའི་མཁའ་སྐྱོད་ལས་དོན་པས་མཁའ་སྐྱོད་པ་རྒན་རབས་རྣམས་མིག་དཔེར་བཟུང་ནས་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དར་སྤེལ་དང་། ཉེན་ཁ་དང་དཀའ་ཚེགས་མཐའ་དག་ལས་རྣམ་པར་རྒྱལ་ཕོད་པ། མཁའ་སྐྱོད་ཚན་རྩལ་གྱི་རྩེ་མོར་འཛེགས་ཕོད་པ་བཅས་བྱས་ཏེ་ཀྲུང་གོ་བས་བར་སྣང་ཁམས་ལ་འཚོལ་ཞིབ་བྱེད་པའི་གོམ་བགྲོས་དེ་བས་རྒྱང་ག་ཚོད་རིང་རིང་དང་། མཁའ་སྐྱོད་སྟོབས་ཆེའི་རྒྱལ་ཁབ་ཀྱི་རླབས་ཆེའི་ཕུགས་འདུན་གང་མགྱོགས་མངོན་འགྱུར་ཐུབ་པ་བྱེད་དགོས་ནན་སྟོན་གནང་ཡོད།

སྤྱི་ལོ ༡༩༧༠ ལོའི་ཟླ་བ ༤ པའི་ཚེས ༢༤ ཉིན། ཚན་ཞིབ་དང་ཚོད་ལྟའི་ལས་དོན་ནང་ཞུགས་མཁན་གྱི་མི་སྣས་ལོ་མང་དཀའ་སྤྱད་བྱས་པའི་འབྲས་བུ་སྟེ། རང་རྒྱལ་གྱི་མི་ཐབས་ས་གོ་ལའི་སྲུང་སྐར་ཐོག་མ་ཤར་ཕྱོགས་དམར་པོ་དང་པོ་རྟགས་ཅན་རྒྱལ་ཁའི་ངང་འཕེན་གཏོང་ལེགས་གྲུབ་བྱུང་ཡོད། མདེལ་གཉིས་སྐར་གཅིག་ལས་གྲྭའི་གྲུབ་ཆ་གལ་ཆེན་ཡིན་པའི་ངོས་ནས། ཤར་ཕྱོགས་དམར་པོ་དང་པོ་རྟགས་ཅན་གྱི་སྲུང་སྐར་འཕེན་གཏོང་ལེགས་གྲུབ་བྱུང་བ་དེས་ཀྲུང་ཧྭ་མི་རིགས་ཀྱིས་འཇིག་རྟེན་ཁམས་ཀྱི་གསང་བ་འཚོལ་ཞིབ་བྱེད་པ་དང་། བར་སྣང་ཁམས་བེད་སྤྱོད་ཐུགས་མཐུན་བྱེད་པ། མིའི་རིགས་ལ་ཕན་བདེ་སྐྲུན་པ་སོགས་ཀྱི་སྒོ་མོ་ཕྱེ་ཡོད། ལོ་རྒྱུས་སེམས་སུ་བརྟན་པོར་ངེས་ནས་སྙིང་སྟོབས་རྒྱུན་འཛིན་བྱ་ཆེད། ཀྲུང་དབྱང་གིས་ཆོག་མཆན་གནང་བ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་འགོད་གནང་བ་བརྒྱུད། སྤྱི་ལོ ༢༠༡༦ ལོ་ནས་བཟུང་ལོ་རེའི་ཟླ་བ ༤ པའི་ཚེས ༢༤ ཉིན་དེ་ཀྲུང་གོའི་མཁའ་སྐྱོད་ཉིན་མོར་གཏན་འཁེལ་བྱས་ཡོད། ཉེ་དུས། སུན་ཅ་ཏུང་དང་། ཝང་ཤི་ཅི། ཆི་ཧྥ་རེན། ཧུའུ་ཧྲེ་ཞང་། ཕན་ཧའུ་རེན། ཧུའུ་ཆི་ཀྲེང་། ཕོང་ཁྲེང་རུང་། ཀྲང་ཧྥུ་ཐན། ཁྲེན་ཧྲའུ་ཁྲུན། ཧན་ཧའུ་ཅན། ཧྥང་ཤིན་ཧུ་སོགས་ཤར་ཕྱོགས་དམར་པོ་དང་པོ་རྟགས་ཅན་གྱི་ལས་དོན་ནང་ཞུགས་མཁན་གྱི་ཚན་རིག་མཁས་ཅན་རྒན་གྲས་བཅུ་གཅིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཕྱག་ཡིག་བྲིས་ནས། ཀྲུང་གོའི་མཁའ་སྐྱོད་བྱ་གཞག་གོང་འཕེལ་གྱི་གཟི་བརྗིད་ལྡན་པའི་ལོ་རྒྱུས་འཕེལ་རིམ་ལ་ཕྱིར་དྲན་དང་། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་། མཁའ་སྐྱོད་ཕུགས་འདུན་མངོན་འགྱུར་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་པར་གནང་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་དང་ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུ་ཝ་ཡིས་ཀྲུང་གོ་དང་ཙམ་པབ་ཝེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་༤༠འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་པ། ཞི་ཅིན་ཕིང་གིས་པེ་ཨུ་རུ་སུའི་ཙུང་ཐུང་འཚམས་འདྲིའི་གློག་འཕྲིན་བཏང་བ། ཞི་ཅིན་ཕིང་དང་མུའུ་ནན་ཅ་ཀུའུ་ཝས་ཕན་ཚུན་བཀྲ་ཤིས་གློག་འཕྲིན་བཏང་བ། ཞི་ཅིན་ཕིང་གིས་ཧྥེ་ལན་གྱི་ཙུང་ཐུང་ལ་ཞལ་པར་བསྐྱོན་པ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།