ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ ༤ པའི་ཚེས ༡༥ ཉིན་པེ་ཨུ་རུ་སུའི་ཙུང་ཐུང་ལུ་ཁ་ཧྲེན་ཁེར་གློག་འཕྲིན་བཏང་གནང་ནས། ཉེ་དུས་པེ་ཨུ་རུ་སུར་ཏོག་གསར་གློ་ཚད་ནད་ཡམས་ཐོན་པའི་ཐད། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ནས། པེ་ཨུ་རུ་སུའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་བ་རེད།
ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་། ད་ཐེངས་ཀྱི་ནད་ཡམས་འདི་ཐོན་རྗེས། ཀྲུང་པེ་རྒྱལ་ཁབ་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་དང་རོགས་རམ་བྱས་པས། གཅིག་ཕན་གཅིག་རོགས་དང་། དཀའ་སྡུག་མཉམ་མྱོང་བྱེད་པའི་ལྷག་བསམ་དག་པའི་མཛའ་བརྩེ་མངོན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་པེ་ཨུ་རུ་སུས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་འབད་བརྩོན་བྱས་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ནས། མུ་མཐུད་པེ་ཨུ་རུ་སུར་རང་ནུས་ལ་དཔག་པའི་རྒྱབ་སྐྱོར་བྱ་རྒྱུ་ཡིན། ནད་དུག་ལ་རྒྱལ་མཚམས་ཀྱི་དབྱེ་བ་མེད་པར། གང་དེ་མིའི་རིགས་ཀྱི་སྤྱི་དགྲ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་ཐོག་ནས། མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་རྒྱག་པ་དང་། ལག་གདང་སྦྲེལ་ནས་ནད་དུག་ལ་འགོག་རྒོལ་བྱས་ཏེ། ཐུན་མོང་ཐོག་འཛམ་གླིང་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ངོས་ནས་ཀྲུང་པེའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་ལུ་ཁ་ཧྲེན་ཁ་དང་ལྷན་དུ་ཕྱོགས་གཉིས་པོའི་སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་བསྐྲུན་ཆེད་འབད་བརྩོན་བྱ་འདོད་ཡོད་ཅེས་ནན་སྟོན་གནང་ཡོད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་དང་མུའུ་ནན་ཅ་ཀུའུ་ཝས་ཕན་ཚུན་བཀྲ་ཤིས་གློག་འཕྲིན་བཏང་བ། ཞི་ཅིན་ཕིང་གིས་ཧྥེ་ལན་གྱི་ཙུང་ཐུང་ལ་ཞལ་པར་བསྐྱོན་པ། ཞི་ཅིན་ཕིང་གིས་ཅི་འར་ཅི་སི་སི་ཐན་གྱི་ཙུང་ཐུང་ལ་ཞལ་པར་བསྐྱོན་པ། ཞི་ཅིན་ཕིང་གིས་སེར་ཝེ་ཡའི་ཙུང་ཐུང་ལ་ཞལ་པར་བསྐྱོན་པ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།