གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་དང་མུའུ་ནན་ཅ་ཀུའུ་ཝས་ཕན་ཚུན་བཀྲ་ཤིས་གློག་འཕྲིན་བཏང་བ།

སྤེལ་དུས་: 2020ལོ་04ཟླ་20ཚེས་ 11:02 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞི་ཅིན་ཕིང་དང་ཙམ་ཕབ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུའུ་ཝ་ཡིས་ཕན་ཚུན་གློག་འཕྲིན་བཏང་ནས་ཀྲུང་གོ་དང་ཙམ་ཕབ་ཝེའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ ༤༠ འཁོར་བར་བཀྲ་ཤིས་བདེ་ལེགས་ཞུས་པ།

སྤྱི་ཟླ ༤ པའི་ཚེས ༡༨ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙམ་ཕབ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུའུ་ཝས་ཕན་ཚུན་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་ ༤༠ འཁོར་བར་རྟེན་འབྲེལ་ཞུས་གནང་ཡོད།

ཞི་ཅིན་ཕིང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་ནང་། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ ༤༠ སོང་རིང་ཀྲུང་གོ་དང་ཙབ་ཕབ་ཝེ་ཡིས་སྔ་བར་ཕྱི་གསུམ་དུ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་བྱས་པ་དང་། ཕྱོགས་གཉིས་འབྲེལ་བས་དུས་ཚོད་དང་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེབས་ཐུབ་པ་བྱུང་ཡོད། ང་རང་དང་ཙུང་ཐུང་མུའུ་ནན་ཅུ་ཀུའུ་ཝས་ཀྲུང་གོ་དང་ཙམ་ཕབ་ཝེའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པ་དང་གོང་འཕེལ་གཏོང་བའི་ཐད་ངོས་འཛིན་གཅིག་མཐུན་བྱུང་ཡོད། ང་རང་གིས་ཀྲུང་གོ་དང་ཙམ་ཕབ་ཝེའི་བར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་མུའུ་ནན་ཅ་ཀུའུ་ཝ་དང་ལྷན་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་བཞི་བཅུ་འཁོར་བ་གོ་སྐབས་སུ་བཟུང་ཐོག རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་དང་ཙམ་ཕབ་ཝེའི་སྤྱི་ལོ ༢༠༣༠ ལོའི་ཕུགས་འདུན་གཉིས་སྦྲེལ་མཐུད་བྱེད་པ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱ་བསྐྱེད་གཏོང་བ། ཕན་ཚུན་བར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་རིགས་ཆེ་གྲས་ཀྱི་གནད་དོན་ཐད་རྒྱབ་སྐྱོར་བྱེད་པ་བཅས་བྱ་འདོད་ཡོད། མིག་སྔར། ཀྲུང་གོའི་ཕྱོགས་ཀྱིས་ཙམ་ཕབ་ཝེའི་ཕྱོགས་དང་མཉམ་དུ་མཉམ་ལས་ལ་ཤུགས་སྣོན་གྱིས་དཀའ་ངལ་ཁྱད་བསད་བྱས་ཏེ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལས་རྣམ་པར་རྒྱལ་ཐབས་བྱེད་བཞིན་ཡོད་ཅེས་བསྟན་གནང་ཡོད།

མུའུ་ནན་ཅ་ཀུའུ་ཝས་གློག་འཕྲིན་ནང་། འདས་ཟིན་པའི་ལོ་ངོ་བཞི་བཅུར་ཕྱིར་དྲན་བྱས་ན། ལྷག་བསམ་ཟོལ་མེད་དང་། མཐུན་སྒྲིལ། མཉམ་རྒྱལ། ཕན་ཚུན་ཡིད་ཆེས་བཅས་ནི་ཙམ་ཕབ་ཝེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་ཕུ་ནུ་ལྟ་བུའི་མཛའ་གྲོགས་དང་ཆུ་ཚད་མཐོ་བའི་འབྲེལ་བའི་ཁྱད་ཆོས་དམིགས་གསལ་ཅན་ཞིག་ཏུ་གྲུབ་ཡོད། ཙམ་ཕབ་ཝེས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་གྲོས་འགོའི་ནང་ཧུར་ཐག་ངང་ཞུགས་རྒྱུ་ཡིན། ཙམ་ཕབ་ཝེའི་ཕྱོགས་ཀྱིས་མུ་མཐུད་དེ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གོང་འཕེལ་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཚོད་བགམ་དྲག་པོའི་མདུན་དུ། ཙམ་ཕབ་ཝེས་ཀྲུང་གོའི་ཕྱོགས་དང་མཐུན་སྒྲིལ་རོགས་ལས་བྱ་རྒྱུར་ཤུགས་སྣོན་གྱིས་རིམས་ནད་ཀྱིས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་ཤུགས་རྐྱེན་ཐེབས་པར་ཁ་གཏད་གཅོག་འདོད་ཡོད་ཅེསབསྟན་གནང་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཧྥེ་ལན་གྱི་ཙུང་ཐུང་ལ་ཞལ་པར་བསྐྱོན་པ། ཞི་ཅིན་ཕིང་གིས་ཅི་འར་ཅི་སི་སི་ཐན་གྱི་ཙུང་ཐུང་ལ་ཞལ་པར་བསྐྱོན་པ། ཞི་ཅིན་ཕིང་གིས་སེར་ཝེ་ཡའི་ཙུང་ཐུང་ལ་ཞལ་པར་བསྐྱོན་པ། ཞི་ཅིན་ཕིང་གིས་ཙོ་ཁོ་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།