གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ཐུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

སྤེལ་དུས་: 2020ལོ་04ཟླ་29ཚེས་ 15:34 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས ༢༧ ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ཐུང་པན་ཏ་ལི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས། གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་བྱེད་ཐབས་ནུས་ལྡན་སྤྱད་དེ་དཀའ་སྤྱད་ཀྱི་འབད་བརྩོན་བྱས་པ་བརྒྱུད་དཀའ་ངལ་ཆེ་ཤོས་ཀྱི་དུས་སྐབས་ལས་སྒྲོལ་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་དུས་བབ་ལ་ངོས་འཛིན་གསལ་པོ་རྒྱུན་འཁྱོངས་བྱས་པ་དང་། ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་ལ་ཡུན་རིང་ཁ་གཏད་གཅོག་པའི་གྲ་སྒྲིག་ཡག་པོ་བྱས་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱུན་གཏན་སྒྲིག་ལམ་སླར་གསོ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། ཀྲུང་གོའི་དཔལ་འབྱོར་ཡུན་རིང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་གཞི་རྩའི་རྣམ་པར་འགྱུར་ལྡོག་འགྲོ་མི་སྲིད་ལ། དོན་དེར་ང་ཚོར་སེམས་ཤུགས་ཀྱི་ཁེངས་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དཀའ་ངལ་ཆེ་ཤོས་ཀྱི་དུས་སུ་ནེ་པ་ལ་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་གང་ལེགས་བྱས་པ་དེའི་ཐོག་ནས་ནེ་པ་ལའི་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བཅངས་པའི་བརྩེ་དུང་ཟབ་མོ་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ནེ་པ་ལའི་རིམས་ནད་འཕེལ་ཚུལ་ལ་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱེད་ཀྱི་ཡོད་ལ། ནེ་པ་ལས་རིམས་ནད་ལ་འགོག་རྒོལ་བྱེད་པར་མུ་མཐུད་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་དང་རྒྱལ་ཁབ་གཉིས་པོའི་འཕྲོད་བསྟེན་སྨན་བཅོས་སྒྲིག་གཞིའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཁྱེད་རང་དང་ཙུང་ལི་ཨའོ་ལི་ཡི་འགོ་ཁྲིད་འོག ནེ་པ་ལ་སྲིད་གཞུང་དང་མི་དམངས་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

པན་ཏ་ལིས། ཁྱེད་ཀྱི་མཁས་མཛངས་ལྡན་པའི་དབུ་ཁྲིད་འོག ཀྲུང་གོ་སྲིད་གཞུང་གིས་དུས་ཐོག་ཏུ་འཕྲལ་ཐག་ཆོད་ལ་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་རྒྱལ་ནང་གི་རིམས་ནད་ཚོད་འཛིན་བྱས་པ་མ་ཟད། རྒྱལ་སྤྱིའི་རིམས་ནད་འགོག་པའི་མཉམ་ལས་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་ཡོད། ནེ་པ་ལ་ཕྱོགས་ཀྱིས་དེའི་ཐད་ཚད་མཐོའི་བསྔགས་བརྗོད་ཞུ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱི་ཉམས་མྱོང་ལས་རྒྱལ་ཁབ་གཞན་དག་གིས་རིམས་ནད་ལས་རྣམ་པར་རྒྱལ་བའི་སེམས་ཤུགས་ཆེ་རུ་འགྲོ་རྒྱུར་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལར་རིམས་ནད་འགོག་བཅོས་བྱ་རྒྱུར་དགོས་མཁོ་ཆེ་བའི་རིམས་འགོག་སྨན་བཅོས་དངོས་ཟོག་མཁོ་འདོན་བྱས་པར་ནེ་པ་ལ་ཕྱོགས་ཀྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ནེ་པ་ལ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་རྒྱལ་མཚམས་སྒྲོལ་བའི་ལྕགས་ལམ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན། རིམས་ནད་ཐོན་རྗེས་ནེ་ཀྲུང་མཛའ་གྲོགས་སྔར་བས་བརྟན་དུ་འགྲོ་རྒྱུ་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུའི་ཡིད་ཆེས་ཡོད། ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་ལ་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཚན་རིག་མཁས་ཅན་ཁོང་རྣམ་པར་འཕྲིན་ལན་བསྐུར་གནང་བ། ཞི་ཅིན་ཕིང་དང་ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུ་ཝ་ཡིས་ཀྲུང་གོ་དང་ཙམ་པབ་ཝེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་༤༠འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་པ། ཞི་ཅིན་ཕིང་གིས་པེ་ཨུ་རུ་སུའི་ཙུང་ཐུང་འཚམས་འདྲིའི་གློག་འཕྲིན་བཏང་བ། ཞི་ཅིན་ཕིང་དང་མུའུ་ནན་ཅ་ཀུའུ་ཝས་ཕན་ཚུན་བཀྲ་ཤིས་གློག་འཕྲིན་བཏང་བ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།