ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས ༢༧ ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་རན་གྱི་ཙུང་ཐུང་ལུའུ་ཧ་ཉི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ཏེ། དབྱི་རན་སྲིད་གཞུང་དང་དབྱི་རན་མི་དམངས་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ད་ཐེངས་ཀྱི་རིམས་ནད་འགོག་པའི་འཐབ་རྩོད་ནང་ཀྲུང་གོ་དང་དབྱི་རན་རྒྱལ་ཁབ་གཉིས་པོས་ཕྱར་བ་གྲུ་འདེགས་དང་སོ་སྲུང་རོགས་རེས་བྱས་པ་དེའི་ཐོག་ནས་ཀྲུང་གོ་དང་དབྱི་རན་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བརྩེ་དུང་ཟབ་མོ་གང་ལེགས་མངོན་ཡོད། ཀྲུང་གོ་མི་དམངས་ཀྱིས་དབྱི་རན་མི་དམངས་ཀྱིས་རིམས་ནད་འགོག་བཅོས་བྱེད་སྐབས་དབྱི་རན་ཕྱོགས་ལ་རིམས་ནད་འགོག་བཅོས་ཀྱི་དངོས་ཟོག་འབོར་ཆེན་རོགས་སྐྱོར་བྱས་པ་དང་འབྲེལ་ཁྱེད་ཚོའི་རྒྱལ་ཁབ་ལ་ཕྱི་ཕྱོགས་རིམས་ནད་འགོག་བཅོས་ཀྱི་སྨན་བཅོས་རིགས་གཅིག་མཁས་པའི་ཚོགས་ཆུང་ཐོག་མ་དེ་མངགས་གཏོང་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་རན་ཕྱོགས་དང་མཉམ་དུ་རིམས་ནད་སྔོན་འགོག་གི་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། རིམས་ནད་སྔོན་འགོག་གི་ཉམས་མྱོང་མཉམ་སྤྱོད་བྱས་ནས་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱེད་འདོད་ཡོད། ཁྱེད་རང་གི་འགོ་ཁྲིད་འོག་དབྱི་རན་མི་དམངས་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
ལུའུ་ཧ་ཉིས། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ཚོད་འཛིན་ལ་གྲུབ་འབྲས་གང་ལེགས་ཐོབ་པར་ང་རང་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་ཕྱོགས་ཀྱི་ཉམས་མྱོང་ལ་རྒྱལ་ཁབ་ཁག་གིས་དཔྱད་གཞིར་འཛིན་འོས་པ་ཞིག་ཡོད། རིམས་ནད་ཀྱི་མདུན་དུ་དབྱི་ཀྲུང་རྒྱལ་ཁབ་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་བྱས་པས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་ཕྱིན་ཡོད། དབྱི་རན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ནས་དབྱི་རན་མི་དམངས་ཀྱི་རིམས་ནད་འགོག་བཅོས་ལ་དུས་ཐོག་ཏུ་རྩ་ཆེའི་དངོས་ཟོག་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཀྲུང་གོ་ཕྱོགས་དང་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་འཕེལ་རྒྱས་གཏོང་འདོད་ཡོད། མིག་སྔའི་དུས་བབ་འོག་དབྱི་རན་ལ་ཁྲིམས་འགལ་ངང་ཕྱོགས་རྐྱང་པའི་བཀག་སྡོམ་བྱས་པ་འཕྲལ་མར་མེད་པ་བཟོ་དགོས། དབྱི་རན་ཕྱོགས་ཀྱིས་རྒྱལ་ཁབ་ཁག་དང་མཉམ་དུ་ཕྱོགས་མང་རིང་ལུགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་དབྱི་རན་ཕྱོགས་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཚན་རིག་མཁས་ཅན་ཁོང་རྣམ་པར་འཕྲིན་ལན་བསྐུར་གནང་བ། ཞི་ཅིན་ཕིང་དང་ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུ་ཝ་ཡིས་ཀྲུང་གོ་དང་ཙམ་པབ་ཝེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་༤༠འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་པ། ཞི་ཅིན་ཕིང་གིས་པེ་ཨུ་རུ་སུའི་ཙུང་ཐུང་འཚམས་འདྲིའི་གློག་འཕྲིན་བཏང་བ། ཞི་ཅིན་ཕིང་དང་མུའུ་ནན་ཅ་ཀུའུ་ཝས་ཕན་ཚུན་བཀྲ་ཤིས་གློག་འཕྲིན་བཏང་བ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།