སྤྱི་ཚེས ༧ ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་མིར་ཆི་ཡུའེ་ཡེ་ཧྥུར་ཞལ་པར་བསྐྱོན་ཡོད། ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ཏེ། ཨུ་ཟ་བྷེ་ཁི་སི་ཐན་གྱི་སྲིད་གཞུང་དང་མི་དམངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ལྷག་བསམ་དག་པའི་འཚམས་འདྲི་དང་འགྱུར་མེད་ཀྱི་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད།
ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་ལས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུ་དེ་ནི་ཡང་དག་པའི་ལམ་བུ་ཡིན་པ་བསྐྱར་དུ་ར་སྤྲོད་ཐུབ་ཡོད། མིའི་རིགས་ཀྱི་བདེ་རྩར་ཐུག་ཅིང་། འཛམ་གླིང་གི་དར་རྒྱས་གོང་འཕེལ་དང་འབྲེལ་བ་ཡོད་པའི་འཐབ་རྩོད་འདིའི་ཁྲོད་དུ་མཐུན་སྒྲིལ་མཉམ་ལས་བྱ་རྒྱུ་དེ་ནི་གོ་མཚོན་རྩེ་གྲ་དེ་ཡིན། འཛམ་གླིང་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་གྱིས་འགལ་ཟླ་སེལ་བ་དང་། དཔྱོད་ཤེས་ཀྱིས་ཕྱོགས་ཞེན་སེལ་ནས་རིམས་ནད་ལ་འགོག་རྒོལ་བྱེད་པའི་མཉམ་ཤུགས་ཆེན་པོ་བསྒྲིལ་ཏེ་མཉམ་ལས་ལ་ཤུགས་སྣོན་དང་། དཀའ་སྡུག་མཉམ་སེལ་གྱིས་མིའི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན་ཡོད།
ཞི་ཅིན་ཕིང་གིས། སྐྱིད་སྡུག་མཉམ་མྱོང་དང་། སོ་སྲུང་རོགས་རེས་བྱེད་པ་དེ་ནི་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་བར་གྱི་འབྲེལ་བའི་སྲོན་རྒྱུན་བཟང་པོ་ཞིག་རེད། ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་དཀའ་ངལ་ཆེ་ཤོས་སྐབས་སུ་ཨུ་ཟ་བྷེ་ཁི་སི་ཐན་གྱི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་ཀྲུང་གོར་རོགས་སྐྱོར་གྱི་ཕྱག་ཟུང་བརྐྱངས་ནས་རོགས་རམ་གང་མང་གནང་ཡོད། ཨུ་ཟ་བྷེ་ཁི་སི་ཐན་གྱི་རིམས་ནད་གནས་ཚུལ་ལའང་ཀྲུང་གོའི་མི་དམངས་ཀྱིས་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད། ཀྲུང་གོ་སྲིད་གཞུང་དང་། འབྲེལ་ཡོད་ས་གནས་དང་ཁེ་ལས་ཀྱི་རོགས་སྐྱོར་དངོས་ཟོག་གཅིག་མཇུག་གཉིས་མཐུད་ངང་ཨུ་ཟ་བྷེ་ཁི་སི་ཐན་དུ་འབྱོར་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་རིགས་གཅིག་མཁས་པས་བརྙན་མཐོང་སྦྲེལ་མཐུད་ཐོག་ནས་རིམས་འགོག་ཉམས་མྱོང་ཐད་སྤེལ་རེས་གནང་ཡོད། ཀྲུང་གོས་མུ་མཐུད་དེ་ཨུ་ཟ་བྷེ་ཁི་སི་ཐན་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་ཡིན། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་གནས་དེར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་རྒྱུན་གཏན་ལས་ཀ་དང་འཚོ་བའི་ཐད་འགན་སྲུང་གང་ལེགས་བྱ་རྒྱུའི་རེ་བ་ཡོད། སྐུ་ཉིད་ཀྱི་སྟོབས་ལྡན་དབུ་ཁྲིད་འོག ཨུ་ཟ་བྷེ་ཁི་སི་ཐན་མི་དམངས་ནས་རིམས་ནད་ལས་རྣམ་པར་རྒྱལ་ངེས་ཡིན་པའི་ཡིད་ཆེས་ཡོད། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་འབྲེལ་བའི་རྨང་གཞི་བརྟན་ཞིང་། དེར་གོང་འཕེལ་གཏོང་གཞི་ཆེན་པོ་ལྡན་ཡོད། ཕྱོགས་གཉིས་པོས་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་ཞུས་ནས་འགྲན་རྩོད་གོ་སྐབས་སུ་འགྱུར་བ་བྱེད་དགོས། ལག་གདང་སྦྲེལ་ནས་རིམས་ནད་ལ་ཁ་གཏད་གཅོག་པ་དང་དུས་མཚུངས་རྒྱལ་ཁབ་གཉིས་པོའི་ཆ་ཕྱོགས་ཧྲིལ་པོའི་མཉམ་ལས་ལ་སྐུལ་འདེད་དང་། ཕྱོགས་གཉིས་པོའི་བར་གྲོས་མཐུན་བྱུང་བའི་རྒྱུད་གཅིག་ལམ་གཅིག་གི་རྣམ་གྲངས་བདེ་བླག་ངང་ལག་ལེན་བསྟར་རྒྱུར་འགན་ལེན་བྱས་ཏེ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་སོགས་ཕྱོགས་མང་སྒྲིག་གཞིའི་ནང་རོགས་ལས་གཏིང་ཟབ་བྱས་ཏེ་འཛམ་གླིང་ཞི་བདེ་གོང་འཕེལ་ཡོང་བ་བྱ་རྒྱུའི་ཐད་མཉམ་དུ་འབད་བརྩོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
མིར་ཆི་ཡུའེ་ཡེ་ཧྥུས། སྐུ་ཉིད་ཀྱི་མཁས་མཛངས་ལྡན་པའི་དབུ་ཁྲིད་འོག ཀྲུང་གོ་སྲིད་གཞུང་གིས་འགྱུར་མེད་དང་། འཕྲལ་ཆོད། ནུས་མཐོ་བཅས་ཀྱི་བྱ་ཐབས་བཟུང་སྟེ་དུས་ཐུང་ནང་རིམས་ནད་ཚོད་འཛིན་ཐུབ་པ་བྱས་ཡོད། དེ་ལས་ཀྲུང་གོའི་མི་དམངས་ཀྱི་ཧང་སངས་དགོས་པའི་མཐུན་སྒྲིལ་དང་། མཉམ་ལས། བློ་སྟོབས་བཅས་མཚོན་ཡོད་ལ། རྒྱལ་ཁབ་ཁག་ལ་མིག་དཔེ་བཟང་པོ་བཏོད་ཡོད། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་ལ་དཀའ་ངལ་ཆེ་ཤོས་འཕྲད་པའི་སྐབས་སུ་ཟོལ་མེད་ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་རམ་གནང་བར་ཐུགས་རྗེ་ཞུ་ཡིན། ཀྲུང་གོའི་རྩ་ཆེའི་ཉམས་མྱོང་དང་རོགས་རམ་དབང་གིས་ཨུ་ཟ་བྷེ་ཁི་སི་ཐན་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། དོན་དངོས་ལས་ར་འཕྲོས་ཐུབ་པར། ཀྲུང་གོ་ནི་ཨུ་ཟ་བྷེ་ཁི་སི་ཐན་གྱི་བློས་འགེལ་ཆོག་པའི་གྲོགས་པོ་ཞིག་རེད། ཁྱེད་རང་ཐུགས་བློ་བདེ་པོ་གནང་རོགས། ཨུ་ཟ་བྷེ་ཁི་སི་ཐན་གྱིས་གནས་དེར་ཡོད་པའི་ཀྲུང་གོའི་མི་སྣར་རང་རྒྱལ་ཁབ་ཀྱི་སྤྱི་དམངས་ལྟར་བལྟ་རྟོག་ཡག་པོ་བྱས་ཆོག ང་རང་ཡང་སྐུ་ཉིད་ཀྱི་དགོངས་ཚུལ་ལ་ཡོངས་སུ་མོས་མཐུན་ཡོད། མིག་སྔའི་གནས་བབ་འོག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་ལ་ཤུགས་སྣོན་གྱིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་སོགས་ཕྱོགས་མང་སྒྲིག་གཞིའི་ནང་ཁོངས་སུ་མཉམ་ལས་དམ་ཟབ་བྱེད་དགོས། ང་རང་ནས་རིམས་ནད་ཞི་རྗེས་གང་མགྱོགས་སྐུ་ཉིད་དང་ཐུག་འཕྲད་ཞུས་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་དང་། ཨུ་ཟ་བྷེ་ཁི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་མཐུད་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུར་རེ་སྒུག་ཞུ་བཞིན་ཡོད། ཨུ་ཟ་བྷེ་ཁི་སི་ཐན་གྱིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་དབྱི་རན་གྱིས་ཙུང་ཐུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ཐུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། ཞི་ཅིན་ཕིང་གིས་ཚན་རིག་མཁས་ཅན་ཁོང་རྣམ་པར་འཕྲིན་ལན་བསྐུར་གནང་བ། ཞི་ཅིན་ཕིང་དང་ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུ་ཝ་ཡིས་ཀྲུང་གོ་དང་ཙམ་པབ་ཝེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་༤༠འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་པ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།