སྤྱི་ལོ ༢༠༢༠ ལོའི་ཟླ ༥ ཚེས ༢༡ ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འཁེལ་བྱས་པའི་རྒྱལ་སྤྱིའི་ཇ་ཡི་ཉིན་མོ་ཐོག་མ་དེ་ཡིན་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ཇ་ཡི་ཉིན་མོའི་རིམ་སྤེལ་བྱེད་སྒོར་འཕྲིན་ཡིག་སྤྲིངས་ནས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་ཇ་ནི་ཀྲུང་གོ་ནས་དར་བ་དང་འཛམ་གླིང་ཧྲིལ་པོར་དར་ཁྱབ་ཆེན་པོ་བྱུང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ཇ་ཡི་ཉིན་མོ་གཏན་འཁེལ་བྱས་པ་དེ་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཇ་ལོའི་རིན་ཐང་ལ་ཁས་ལེན་དང་མཐོང་ཆེན་བྱས་པ་མཚོན་པ་དང་། དེས་ཇ་ཡི་ཐོན་ལས་དར་རྒྱས་དང་ཇའི་རིག་གནས་དར་སྤེལ་གཏོང་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ཇ་ལོ་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་རྒྱལ་ཁབ་ཆེ་མོ་ཞིག་ཡིན་པའི་ངོས་ནས་ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་ཇ་ཡི་ཐོན་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་།
ཇ་ཡི་རིག་གནས་མཉམ་འདྲེས་དང་ཕན་ཚུན་དཔྱད་གཞིར་ཡག་པོ་འཛིན་ཏེ་མི་དེ་བས་མང་བས་ཇ་ཡི་སྐོར་ཤེས་པ་དང་། ཇ་ལ་དགའ་ཞེན་བྱེད་པ། ཇ་ཡི་བྲོ་བ་དང་ཇ་ཡི་ཉམས་འགྱུར་མཉམ་རོལ། མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སྤྱོད་བཅས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཇ་ནི་འཛམ་གླིང་གི་བཏུང་བྱ་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན་ཞིང་། གོ་ལ་ཧྲིལ་པོར་ཇ་ལམ་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་དང་ས་ཁུལ ༦༠ ལྷག་ཙམ་ཡོད་པ་དང་ཇ་འཐུང་མཁན་མི་འབོར་དུང་ཕྱུར ༢༠ ལྷག་ཙམ་ཡོད། སྤྱི་ལོ ༢༠༡༩ ལོའི་ཟླ ༡༢ པར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ལོ་རེའི་སྤྱི་ཟླ ༥ ཚེས ༢༡ ཉིན་ནི་རྒྱལ་སྤྱིའི་ཇ་ཡི་ཉིན་མོར་གཏན་འཁེལ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ནས་ཇ་ལོའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་རིན་ཐང་ལ་བསྔགས་བརྗོད་བྱས་ཏེ་གོ་ལ་ཧྲིལ་པོའི་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། འདི་ལོའི་རྒྱལ་སྤྱིའི་ཇའི་ཉིན་མོའི་རིང་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་ཀྲེ་ཅང་ཞིང་ཆེན་སྲིད་གཞུང་དང་མཉམ་དུ་ཇ་དང་འཛམ་གླིང་། མཉམ་དུ་ལོངས་སྤྱོད་བྱེད་ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་དྲ་རྒྱའི་ཐོག་དྲིལ་བསྒྲགས་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་ཡོད།།
སྤྱི་ལོ ༢༠༢༠ ལོའི་ཟླ ༥ ཚེས ༢༡ ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འཁེལ་བྱས་པའི་རྒྱལ་སྤྱིའི་ཇ་ཡི་ཉིན་མོ་ཐོག་མ་དེ་ཡིན་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ཇ་ཡི་ཉིན་མོའི་རིམ་སྤེལ་བྱེད་སྒོར་འཕྲིན་ཡིག་སྤྲིངས་ནས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་དང་སི་རི་ལན་ཁའི་ཙུང་ཐུང་གིས་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་གནང་བར་རྒྱ་ཆེའི་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ། ཞི་ཅིན་ཕིང་དང་བྱང་ཁོ་རེ་ཡའི་ཆེད་མཐོའི་འགོ་ཁྲིད་མི་སྣ་ཅིན་ཀྲེང་ཨེན་རྣམ་གཉིས་ནས་ཕན་ཚུན་ངག་འཕྲིན་བསྐུར་གནང་བ། ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་ལ་ཞལ་པར་བསྐྱོན་པ།