གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་དང་བྱང་ཁོ་རེ་ཡའི་ཆེད་མཐོའི་འགོ་ཁྲིད་མི་སྣ་ཅིན་ཀྲེང་ཨེན་རྣམ་གཉིས་ནས་ཕན་ཚུན་ངག་འཕྲིན་བསྐུར་གནང་བ།

སྤེལ་དུས་: 2020ལོ་05ཟླ་12ཚེས་ 10:05 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༥ པའི་ཚེས ༩ ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། བྱང་ཁོ་རེ་ཡའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ལ་ཐུགས་རྗེ་ཆེ་ཞུ་ཆེད་ངག་འཕྲིན་བསྐུར་གནང་ཡོད། ཞི་ཅིན་ཕིང་གིས། བློ་མཐུན་ཨུ་ཡོན་ཀྲང་མཆོག་གི་མཛའ་ཤིང་བརྩེ་བའི་ངག་འཕྲིན་འབྱོར་བར་དགའ་སྤྲོ་ཆེན་པོ་བྱུང་། ད་ལོའི་སྤྱི་ཟླ ༢ པར། བློ་མཐུན་ཨུ་ཡོན་ཀྲང་མཆོག་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་ང་རང་ལ་འཚམས་འདྲིའི་ཕྱག་ཡིག་བསྐུར་གནང་བ་མ་ཟད་ཀྲུང་གོར་རྒྱབ་སྐྱོར་གནང་ཡོད། དེ་ལས་བློ་མཐུན་ཨུ་ཡོན་ཀྲང་མཆོག་དང་བྱང་ཁོ་རེ་ཡའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་ང་དང་ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ལ་བཅངས་པའི་མཛའ་གྲོགས་ཟམ་མོ་མངོན་ཡོད་ལ། ཀྲུང་གོ་དང་བྱང་ཁོ་རེ་ཡའི་སྲོལ་རྒྱུན་མཛའ་གྲོགས་ཀྱི་རྨང་གཞི་བརྟན་པོ་དང་གསོན་ཤུགས་ནུས་པར་གསོན་ཉམས་དོད་པའི་འགྲེལ་བརྗོད་གནང་ཡོད། ང་རང་ནས་དོན་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་གདེང་འཇོག་མཐོ་པོ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད།

ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ཀྲུང་གུང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་དང་ཕྱོགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ང་རང་ནས་ཀྱང་བྱང་ཁོ་རེ་ཡའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་དང་བྱང་ཁོ་རེ་ཡའི་མི་དམངས་ཀྱི་བདེ་ཐང་ཐད་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། བློ་མཐུན་ཨུ་ཡོན་ཀྲང་མཆོག་ནས་བྱང་ཁོ་རེ་ཡའི་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ་རིམས་འགོག་བྱ་ཐབས་རབ་དང་རིམ་པ་བཟུང་བ་མ་ཟད་དེར་ཕན་འབྲས་བཟང་པོ་ཐོབ་པར་ང་རང་དགའ་ཚོར་ཆེན་པོ་བྱུང་། ཀྲུང་གོས་བྱང་ཁོ་རེ་ཡའི་ཕྱོགས་དང་མཉམ་དུ་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་མ་ཟད་བྱང་ཁོ་རེ་ཡའི་དགོས་མཁོ་གཞིར་བཟུང་རང་ནུས་ལ་དཔག་པའི་རོགས་རམ་གང་ཐུབ་བྱ་འདོད་ཡོད། ཀྲུང་གོ་དང་བྱང་ཁོ་རེ་ཡ་གཉིས་པོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་རིམས་ནད་དམག་འཐབ་དེར་མཐའ་མའི་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བསྟན་ཡོད།

ཞི་ཅིན་ཕིང་གིས། ང་རང་ནས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། བློ་མཐུན་ཨུ་ཡོན་ཀྲང་མཆོག་དང་ལྷན་དུ་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་ཚན་པས་ཕྱོགས་གཉིས་ཐུན་མོང་ངོས་འཛིན་ལག་ལེན་བསྟར་རྒྱུར་མཛུབ་ཁྲིད་བྱས་ཐོག འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་དང་། སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ། དུས་རབས་གསར་པའི་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་པ་བཅས་བྱས་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད།

སྤྱི་ཟླ ༥ པའི་ཚེས ༧ ཉིན། ཅིན་ཀྲེང་ཨེན་གྱིས་ཞི་ཅིན་ཕིང་ལ་བསྐུར་བའི་ངག་འཕྲིན་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ་སྔར་འཕྲད་མ་མྱོང་བའི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་བརྒྱུད་རིམ་ནང་རླབས་ཆེའི་གྲུབ་འབྲས་དང་རྒྱལ་ཁ་ཆེན་པོ་བླངས་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་གྲུབ་འབྲས་སྔར་བས་བརྟན་གཏོང་གིས་མཐའ་མའི་རྒྱལ་ཁ་ལེན་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་དང་། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་ནས་སྐུ་གཟུགས་ལ་ཐུགས་ཅག་གནང་རྒྱུའི་རེ་བ་ཡོད་ལ། ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་དང་། བྱང་ཁོ་རེ་ཡ་དང་ཀྲུང་གོའི་ཏང་གཉིས་པོའི་འབྲེལ་བ་ཉིན་རེ་བཞིན་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་ལ་ཞལ་པར་བསྐྱོན་པ། ཞི་ཅིན་ཕིང་དང་ཕོར་ཐིའུ་ཀལ་གྱི་ཙུང་ཐུང་གིས་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། ཞི་ཅིན་ཕིང་གིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་ལ་ཞལ་པར་བསྐྱོན་པ། ཞི་ཅིན་ཕིང་གིས་དབྱི་རན་གྱིས་ཙུང་ཐུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།