གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་གནང་བར་རྒྱ་ཆེའི་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ།

སྤེལ་དུས་: 2020ལོ་05ཟླ་18ཚེས་ 10:35 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཧྲན་ཞི་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་ཡོངས་དང་། ཆ་ཕྱོགས་ཧྲིལ་པོ། མ་ལག་རང་བཞིན་གྱི་རྒྱལ་ཁབ་ཐོན་ཁུངས་རྣམ་པའི་དཔལ་འབྱོར་བརྗེ་སྒྱུར་ཕྱོགས་བསྡུས་ཆ་སྦྱོར་བསྒྱུར་བཅོས་ཚོད་ལྟའི་ཁུལ་དང་པོ་དེ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་ཧྲན་ཞི་རུ་རྟོག་ཞིབ་གནང་སྐབས། ཧྲན་ཞི་ལ་ཁ་ཚ་དགོས་གཏུག་གི་བསམ་པ་དགོས་ལ། དེ་བས་རྒྱང་རིང་འཐབ་ཇུས་ཀྱི་འཆར་གཞི་དགོས། ཡང་དག་པ་ཡིན་ན་དེ་རྒྱུན་འཁྱོངས་དང་། སྙིང་རུས་གཏན་འཁྱོངས་བྱེད་དགོས། བསྐྱར་ཟློས་མི་བྱེད་པ་དང་ཡང་ཟློས་མི་བྱེད་པར་གང་མགྱོགས་བརྗེ་སྒྱུར་གོང་འཕེལ་ཐུབ་པའི་ལམ་བུ་གསར་པ་ཞིག་འཚོལ་དགོས་ཞེས་ནན་སྟོན་གནང་བ་རེད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་སེམས་སུ་བརྟན་པོར་ངེས་ནས། སྤུས་ཚད་མཐོ་བའི་བརྗེ་སྒྱུར་གོང་འཕེལ་གྱི་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱ་རྒྱུ་དང་། བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཧྲན་ཞི་ཡིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལག་ལེན་བསྟར་བའི་ལེའུ་གསར་པ་རྩོམ་རྒྱུ་ཡིན་ཞེས་གསུངས་ཡོད།

ཧྲན་ཞི་ནི་ཡུན་རིང་རྡོ་སོལ་ལ་བརྟེན་ནས་ཕྱུག་འགྱུར་ཐུབ་ཐབས་བྱེད་པ་ཞིག་ཡིན་པས། རྡོ་སོལ་གཅིག་པུ་ལ་བརྟེན་པའི་དབང་གིས་ཐོན་ལས་རྐྱང་པར་གྱུར་ཏེ་དེ་མིན་གྱི་ཐོན་ལ་དེ་ཙམ་གོང་འཕེལ་ཐུབ་མེད། བརྗེ་སྒྱུར་རྣམ་པའི་ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟའི་ཁུལ་འཛུགས་པ་དེ་ནི་ཏང་ཀྲུང་དབྱང་གིས་ཧྲན་ཞི་ལ་གནང་བའི་ལས་འགན་ཆེན་པོ་ཞིག་རེད་ལ། ཧྲན་ཞི་ཡིས་བརྗེ་སྒྱུར་གོང་འཕེལ་མངོན་འགྱུར་བྱེད་པའི་འགག་རྩའི་ཐབས་ཤིག་ཀྱང་རེད། སྤྱི་ཚེས ༡༢ ཉིན་གྱི་སྔ་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་བརྗེ་སྒྱུར་རྣམ་པའི་ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟའི་ཁུལ་སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱི་བསྒྱུར་བཅོས་གསར་གཏོད་འགྲེམས་ཁང་དུ་ཕེབས་ནས། དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་དང་འཁོར་རྒྱུག་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ཞུས་པར་གསན་གནང་བ་དང་། གསར་གཏོད་བྱས་པའི་ཐོན་རྫས་འགྲེམས་སྟོན་ལ་གཟིགས་གནང་ཡོད། འགྲེམས་ཁང་ནང་ཧྲན་ཞི་ཡིས་རང་བདག་གསར་གཏོད་བྱས་པར་བརྟེན་ནས་ཐོན་སྐྱེད་བྱས་པའི་གོ་ལའི་ཆེས་སྔོན་ཐོན་གྱི་ཐོན་གསུམ་པའི་གློག་འདྲེན་ཕྱེད་རྗས་རྒྱུ་ཆ་ཐན་འགྱུར་ཀུའེ་འགྲེམས་སྟོན་བྱས་ཡོད། ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟའི་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅིར་ངོ་སྤྲོད་ཞུས་པའི་རྣམ་པར་ཕྱིར་དྲན་བྱས་ཏེ། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ནས་ཐན་འགྱུར་ཀུའེ་ཕྱག་ཏུ་བསྣམས་ནས་དགྱེས་ཚོར་ཆེན་པོས་དེས་འགག་གནད་མང་པོ་ཐག་གཅོད་ཐུབ་ཡོད་ཅེས་གསུངས་སྐབས། ང་ཚོར་སེམས་སྐུལ་ཆེན་པོ་ཐེབས་བྱུང་ལ། དེ་བས་བློ་སྤོབས་ཆེ་རུ་ཕྱིན་སོང་། ང་ཚོས་རྣམ་གྲངས་འཛུགས་སྐྲུན་སྔར་བས་ལེགས་པོ་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཧྲན་ཞི་ལ་ཁ་ཚ་དགོས་གཏུག་གི་བསམ་པ་དགོས་ལ། དེ་བས་རྒྱང་རིང་འཐབ་ཇུས་ཀྱི་འཆར་གཞི་ཡང་དགོས། ཡང་དག་པ་ཡིན་ན་དེ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྙིང་རུས་གཏན་འཁྱོངས་བྱེད་དགོས། བསྐྱར་ཟློས་དང་ཡང་ཟློས་མ་བྱས་པར་གང་མགྱོགས་བརྗེ་སྒྱུར་གོང་འཕེལ་ཐུབ་པའི་ལམ་བུ་གསར་པ་འཚོལ་དགོས་ཞེས་གསུངས་པར། ཧྲན་ཞི་བརྗེ་སྒྱུར་རྣམ་པའི་ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟའི་དཔེ་སྟོན་ཁུལ་སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲང་ཞའོ་ཧྥན་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། ཁོང་གིས། ཧྲན་ཞི་དེ་ནང་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་ཡིན་དུས་མ་གཞི་ནས་ཚོང་འགུག་མ་འདྲེན་ཐད་དཀའ་ལས་ཆེན་པོ་ཡོད་རེད། དེའི་ཐོག་ང་ཚོས་ད་དུང་རྡོ་སོལ་ཁོ་ནར་མི་བརྟེན་པ་བྱེད་དགོས། ང་ཚོས་གཞན་གྱི་སྔོན་ལ་ལས་དོན་དེ་བསྒྲུབ་དགོས། བརྗེ་སྒྱུར་བྱེད་པའི་ལམ་བུའི་ཐོག་མུ་མཐུད་སྐྱོད་དེ་སྙིང་རུས་གཏན་འཁྱོངས་བྱ་རྒྱུ་ཡིན་ཞེས་བཤད་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་དང་སི་རི་ལན་ཁའི་ཙུང་ཐུང་གིས་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། ཞི་ཅིན་ཕིང་དང་བྱང་ཁོ་རེ་ཡའི་ཆེད་མཐོའི་འགོ་ཁྲིད་མི་སྣ་ཅིན་ཀྲེང་ཨེན་རྣམ་གཉིས་ནས་ཕན་ཚུན་ངག་འཕྲིན་བསྐུར་གནང་བ། ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་ལ་ཞལ་པར་བསྐྱོན་པ། ཞི་ཅིན་ཕིང་དང་ཕོར་ཐིའུ་ཀལ་གྱི་ཙུང་ཐུང་གིས་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། ཞི་ཅིན་ཕིང་གིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་ལ་ཞལ་པར་བསྐྱོན་པ།