ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ ༨ པའི་ཚེས ༡༡ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་ང་གཅིག་དང་ང་གཉིས། ང་གསུམ། ང་བཞི་བཅས་ལ་མཚན་རྟགས་བཀོད་གནང་བ་རེད།
ཀྲུའུ་ཞིའི་བཀའ་རྒྱ་ཨང་ང་གཅིག་པའི་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་དཔྱ་ཁྲལ་བཅའ་ཁྲིམས་ཞེས་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་ཐོག་སྤྱི་ལོ ༢༠༢༠ ལོའི་ཟླ ༨ པའི་ཚེས ༡༡ ཉིན་གྲོས་འཆམ་བྱུང་ཞིང་ད་ལྟ་སྤྱི་བསྒྲགས་བྱ་རྒྱུ་དང་། སྤྱི་ལོ ༢༠༢༡ ལོའི་ཟླ ༩ པའི་ཚེས ༡ ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་ཞེས་འཁོད་ཡོད།
ཀྲུའུ་ཞིའི་བཀའ་རྒྱ་ཨང་ང་གཉིས་པའི་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གན་ཁྲལ་བཅའ་ཁྲིམས་ཞེས་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཉེར་གཅིག་པའི་ཐོག་སྤྱི་ལོ ༢༠༢༠ ལོའི་ཟླ ༨ པའི་ཚེས ༡༡ ཉིན་གྲོས་འཆམ་བྱུང་ཞིང་ད་ལྟ་སྤྱི་བསྒྲགས་བྱ་རྒྱུ་དང་། སྤྱི་ལོ ༢༠༢༡ ལོའི་ཟླ ༩ པའི་ཚེས ༡ ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་ཞེས་འཁོད་ཡོད།
ཀྲུའུ་ཞིའི་བཀའ་རྒྱ་ཨང་ང་གསུམ་པའི་ནང་། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་དམག་འཐབ་ཁྲོད་ཕུལ་དུ་བྱུང་བའི་ལེགས་སྐྱེས་ཕུལ་མྱོང་བའི་དཔེ་བཟང་མི་སྣར་གཟེངས་བསྟོད་དང་། ཁོང་ཚོའི་ལྷག་བསམ་དང་འགན་སེམས། ལེགས་སྐྱེས་འབུལ་སེམས་བཅས་ཀྱི་བླ་མེད་གཤིས་རྒྱུད་དར་སྤེལ་གང་ལེགས་གཏོང་ཆེད། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཉེར་གཅིག་པའི་གཏན་འབེབས་ལ་གཞིགས་ཏེ། གཤམ་གྱི་མི་སྣར་རྒྱལ་ཁབ་ཀྱི་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་སྟེ།
གཅིག ཀྲུང་ནན་ཧྲན་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟེངས་རྟགས་སྤྲོད་རྒྱུ།
གཉིས། ཀྲང་པོ་ལི་དང་ཀྲང་ཏིང་ཡུས། ཁྲེན་ཝེ༼བུད་མེད༽བཅས་ལ་མི་དམངས་དཔའ་བོ་ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་ཡིན་ཞེས་འཁོད་ཡོད།
ཀྲུའུ་ཞིའི་བཀའ་རྒྱ་ཨང་ང་བཞི་པའི་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་ཐོག་སྤྱི་ལོ ༢༠༢༠ ལོའི་ཟླ ༨ པའི་ཚེས ༡༡ ཉིན་གཏན་འབེབས་བྱས་པར་གཞིགས་ཏེ།
གཅིག མེའོ་ཡུས་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་གི་འགན་གནས་མེད་པ་བཟོ་རྒྱུ་དང་། ཞའོ་ཡ་ཆིང་བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་ལ་བསྐོ་གཞག་བྱ་རྒྱུ།
གཉིས། ལུའོ་ཧྲུའུ་ཀང་གི་རིག་གནས་དང་ཡུལ་སྐོར་པུའི་པུའུ་ཀྲང་གི་འགན་གནས་མེད་པ་བཟོ་རྒྱུ་དང་། ཧུའུ་ཧོ་ཕིང་རིག་གནས་དང་ཡུལ་སྐོར་པུའི་པུའུ་ཀྲང་དུ་བསྐོ་གཞག་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་རོན་ཧྥུ་ཀྲུང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ། ཞི་ཅིན་ཕིང་གིས་ལེ་པ་ནོན་གྱི་ཙུང་ཐུང་ལ་ཐུཊ་གསོའི་གློག་འཕྲིན་གནང་། ཞི་ཅིན་ཕིང་གིས་ཧྥུའུ་ཏན་སློབ་ཆེན་གྱི་ཏང་ཡོན་ཡིན་པའི་གཞོན་ནུ་དགེ་སློབ་ཚོར་འཕྲིན་ལན་གནང་བ། ཞི་ཅིན་ཕིང་གིས་ཁི་རི་པ་ཐིའི་ཙུང་ཐུང་མ་མའོ་ནས་འགན་གནས་བསྟུད་འཛིན་གནང་བར་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་བ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།