གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་མོ་རོ་ཁོའི་རྒྱལ་པོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

སྤེལ་དུས་: 2020ལོ་09ཟླ་03ཚེས་ 11:02 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ ༨ པའི་ཚེས ༣༡ ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་རོ་ཁོའི་རྒྱལ་པོ་མུའུ་ཧན་མོ་ཏེ་སྐུ་ཐོག་དྲུག་པ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་མོ་རོ་ཁོའི་སྲིད་གཞུང་དང་མི་དམངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱས་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་དེ་འཛམ་གླིང་ཡོངས་ཀྱི་ངོས་ནས་བཤད་ན་ཚོད་བགམ་ཆེན་པོ་ཞིག་རེད། ཀྲུང་གོ་དང་མོ་རོ་ཁོས་རིམས་ནད་ཀྱི་མདུན་དུ་ཕྱར་བ་གྲུ་འདེགས་བྱས་ཤིང་། ངོས་ནས་ཁྱེད་དང་ཕན་ཚུན་འཚམས་འདྲིའི་འཕྲིན་ཡིག་ཐེངས་མང་བསྐུར་བ་ཡིན། ཀྲུང་གོས་རིམས་ནད་འགོག་པའི་ཐོག་མའི་དུས་སུ། མོ་རོ་ཁོས་ཀྲུང་གོ་ཕྱོགས་ལ་རྩ་ཆེའི་རྒྱབ་སྐྱོར་དང་ངག་ཐོག་རྒྱབ་སྐྱོར་གནང་བ་དང་འབྲེལ་མོ་རོ་ཁོར་ལུས་པའི་ཀྲུང་གོའི་སྤྱི་དམངས་ལ་ལྟ་རྟོག་ཀྱང་བྱས་ཡོད། དེ་དང་འདྲ་བར། མོ་རོ་ཁོར་རིམས་ནད་ཐོན་རྗེས། ཀྲུང་གོ་ཕྱོགས་ཀྱིས་རིམས་འགོག་དངོས་ཟོག་རོགས་སྐྱོར་ཧུར་ཐག་བྱས་ཡོད། མིག་སྔར། ཏོག་གསར་གློ་ཚད་རིམས་ནད་སྔར་བཞིན་གང་སར་མཆེད་པའི་དུས་མཚམས་སུ་གནས་པ་དང་། རིམས་འགོག་སྨན་གྱིས་མིའི་རིགས་རིམས་ནད་ལས་རྣམ་པར་རྒྱལ་བར་འགག་རྩའི་ནུས་པ་ཐོན་རྒྱུ་རེད། ངོས་ནས་ཀྲུང་གོའི་རིམས་འགོག་སྨན་ཞིབ་འཇུག་གསར་སྤེལ་ལེགས་འགྲུབ་བྱུང་ནས་བཀོལ་སྤྱོད་བྱས་རྗེས་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ཤིག་ཡིན་པའི་ངོས་ནས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་སྔོན་ལ་ཕན་པ་ཐོབ་པ་བྱེད་འདོད་ཡོད་ཅེས་ཐེངས་མང་གླེང་མྱོང་། ཀྲུང་གོ་ཕྱོགས་ཀྱིས་མོ་རོ་ཁོ་ཕྱོགས་དང་མཉམ་དུ་རིམས་འགོག་སྨན་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་ཁག་དང་མཉམ་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་མོ་རོ་ཁོའི་སྲོལ་རྒྱུན་མཛའ་གྲོགས་ཟབ་མོ་ཡོད་པ་དང་། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བསམ་ཤེས་དང་ཕན་ཚུན་ཡིད་ཆེས་བྱས་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། སྟོབས་ཤུགས་ལྡན་པའི་ཀྲུང་གོའི་ཁེ་ལས་མོ་རོ་ཁོར་མ་འཇོག་ལས་སྤེལ་བྱེད་པར་བསྐྱོད་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་སྐུལ་ལྕག་བྱ་རྒྱུ་ཡིན་ལ། མོ་རོ་ཁོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་དེ་བཞིན་ཀྲུང་གོ་དང་ཨ་ཧྥེ་རི་ཁ། ཀྲུང་གོ་དང་ཨ་རབ་ཀྱི་མཉམ་ལས་གླེང་སྟེགས་སོགས་སྒྲོམ་གཞིའི་ནང་གི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། རིམས་ནད་ཐོན་རྗེས་ཀྱི་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་ཀྱི་འཆར་གཞི་གསར་པ་ཐུན་མོང་ཐོག་འཆར་འགོད་བྱས་ཏེ། ཀྲུང་གོ་དང་མོ་རོ་ཁོའི་འཐབ་ཇུས་རོགས་ཟླའི་འབྲེལ་བར་གཡུར་ཟའི་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།

མུའུ་ཧན་མོ་ཏེ་སྐུ་ཐོག་དྲུག་པས། ངོས་ནས་སྤྱི་ལོ ༢༠༡༦ ལོར་ཀྲུང་གོར་འཚམས་འདྲིར་བཅར་བ་དང་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་མོ་ཀྲུང་གི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དྲན་གྱི་འདུག མོ་རོ་ཁོ་ཕྱོགས་ལ་ཀྲུང་གོ་ལྟ་བུའི་འཐབ་ཇུས་རོགས་ཟླ་ཡོད་པར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཀྲུང་གོ་དང་འཐབ་ཇུས་མཉམ་ལས་བྱས་པ་ལས་མོ་རོ་ཁོ་ཕྱོགས་ལ་ཉེ་བའི་ལོ་ཤས་རིང་གོང་འཕེལ་ཡག་པོ་བྱུང་ཡོད། མོ་རོ་ཁོ་ཕྱོགས་ཀྱིས་ཀྲུང་གོ་འདི་ཉིད་ཆེས་སྔོན་ལ་མཉམ་ལས་བྱེད་པའི་ཁ་ཕྱོགས་སུ་བརྩི་རྒྱུ་ཡིན། ཕྱོགས་གཉིས་པོས་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གསོན་ཤུགས་དེ་བས་ཆེ་བ་འཕེལ་རྒྱུའི་རེ་བ་ཡོད། མོ་རོ་ཁོ་ཕྱོགས་ཀྱིས་ཀྲུང་གོས་རང་ངོས་ཀྱི་བདག་དབང་དང་བདེ་འཇགས་སོགས་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ལུགས་མཐུན་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོ་རོ་ཁོས་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རིམས་འགོག་སྨན་ཞིབ་འཇུག་གསར་སྤེལ་དང་། ཉོ་སྒྲུབ། ཐོན་སྐྱེད་མཉམ་ལས་བཅས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་རྒྱུན་འཁྱོངས་བྱེད་དགོས། ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་ནས་ཁག་སོ་སོར་ཀྲུང་ཨུའི་ཚན་རྩལ་གསར་གཏོད་ལོའི་འགོ་ཚུགས་མཛད་སྒོར་བཀྲ་ཤིས་བདེ་ལེགས་ཞུ་བའི་ཕྱག་ཡིག་བསྐུར་གནང་བ། ཞི་ཅིན་ཕིང་ནས་འབྲུབ་འགོག་གནོད་སེལ་ཐད་ཀྱི་སྙན་ཞུ་གསན་པ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།