གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གི་དབུལ་སྐྱོར་གཏམ་རྒྱུད་ཅེས་པ་དཔེ་བསྐྲུན་བྱས་པ།

སྤེལ་དུས་: 2020ལོ་09ཟླ་29ཚེས་ 15:32 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

མི་དམངས་ཉིན་རེའི་ཚགས་པར་གྱི་ཕྱི་ཕྱོགས་པར་མས་རྩོམ་སྒྲིག་བྱས་པའི་ཞི་ཅིན་ཕིང་གི་དབུལ་སྐྱོར་གཏམ་རྒྱུད་ཅེས་པ་ཉེ་དུས་ཚོང་དོན་པར་འགྲེམས་ཁང་ནས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་གྱི་འཐབ་ཇུས་མཐོ་ཚད་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ཏེ་བསམ་བློ་གསར་པ་དང་ལྟ་བ་གསར་པ་རབ་དང་རིམ་པ་བཏོན་ཡོད་ལ། འཐབ་ཇུས་གསར་པ་དང་བཀོད་སྒྲི་གསར་པ་རབ་དང་རིམ་པ་བཏོན་པས། ཀྲུང་གོའི་དབུལ་ཕོངས་ཉུང་གཏོང་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུར་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ལ། འཛམ་གླིང་གི་དབུལ་ཕོངས་ཉུང་གཏོང་འཕེལ་རིམ་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། དཔེ་དེབ་ཧྲིལ་པོ་དབུལ་སྐྱོར་གཏམ་རྒྱུད ༦༧ ལས་གྲུབ་པ་དང་། དུས་ཚོད་ཀྱི་སྔ་ཕྱིའི་གོ་རིམ་ལྟར། བློ་མཐུན་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཧྲའན་ཤི་ལེའང་ཅ་ཧོ་དང་། ཧོ་པེ་ཀྲེང་ཏིང་། ཧྥུ་ཅན། ཀྲེ་ཅང་། ཧྲང་ཧའེ་བཅས་སུ་ཕྱག་ལས་གནང་རིང་དང་། སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་རྗེས་སུ་ཐོག་མཐའ་བར་གསུམ་དུ་མི་དམངས་ཐུགས་དབུས་སུ་བཞག་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཐུགས་ཁུར་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་གྲོལ་འགག་སྒྲོལ་ལ་གནང་བའི་མི་སེམས་འགུལ་བའི་གཏམ་རྒྱུད་གསལ་འགྲེལ་བྱས་ཡོད་པ་མ་ཟད་བློ་མཐུན་ཞི་ཅིན་ཕིང་གིས་དབུལ་སྐྱོར་གསར་སྤེལ་དང་། རྒྱུན་ཆད་མེད་པར་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་ངོ་མཚར་ཆེ་བའི་སྐད་ཅིག་ཉིད་གསོན་ཉམས་དོད་པོས་ཟིན་བྲིས་བརྒྱབ་ཡོད། དེ་ལས་བློ་མཐུན་ཞི་ཅིན་ཕིང་གི་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བའི་བརྩེ་སེམས་མངོན་ཡོད་པ་རེད།

ཞི་ཅིན་ཕིང་གི་དབུལ་སྐྱོར་གཏམ་རྒྱུད་ཅེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་མི་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་གནད་འཕིགས་དབུལ་སྐྱོར་གྱི་འཐབ་ཇུས་བཀོད་སྒྲིག་ལ་སྔར་བས་ཤེས་རྟོགས་བྱེད་པ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་ཆོད་སེམས་བརྟན་གཏོང་དང་། དཀའ་སྤྱད་འབད་འཐབ་ཀྱིས་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུར་ཕུ་ཐག་ཆོད་པའི་རྒྱལ་ཁ་ལེན་པ་དང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་རྒྱུར་སྐུལ་ལྕག་བྱེད་པའི་ཐད་ཕན་ཐོགས་ཆེན་པོ་ལྡན་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཅན་དབྱི་ཝེར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། ཞི་ཅིན་ཕིང་ཧུའུ་ནན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ། ཝུའུ་དབྱིང་ཅེས་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཧོ་ཅུན་ཁེ་དང་བཞུགས་མོལ་གནང་བ། ༼བདེན་འཚོལ༽དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅིའི་རྩོམ་ཡིག་གལ་ཆེན་ཞིག་སྤེལ་འདུག ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།