གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

༼བདེན་འཚོལ༽དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།

སྤེལ་དུས་: 2020ལོ་11ཟླ་02ཚེས་ 10:40 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༡༡ པའི་ཚེས ༡ ཉིན་དཔེ་སྐྲུན་བྱས་པའི་༼བདེན་འཚོལ༽དུས་དེབ་འདོན་ཐེངས ༢༡ པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་༼རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཐབ་ཇུས་ཀྱི་གནད་དོན་གལ་ཆེན་འགའ་ཞིག༽ཅེས་པ་སྤེལ་ཡོད།

རྩོམ་ཡིག་ནང་། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ད་ཐེངས་ཀྱི་རིམས་ནད་ནི་ཉམས་ཉེན་ཞིག་ཡིན་ལ་ཡིག་རྒྱུགས་ཆེན་པོ་ཞིག་ཀྱང་ཡིན། ང་ཚོས་གཅིག་ཤེས་ཀུན་གྲོལ་གྱིས་ཕུགས་རྒྱང་རང་བཞིན་ལྡན་པའི་བསམ་གཞིགས་སྔར་ལས་ལྷག་པ་བྱ་དགོས་པ་དང་། འཐབ་ཇུས་ཀྱི་བཀོད་སྒྲིག་འཐུས་ཚང་དུ་བཏང་ནས། ཉེན་ཁ་གོ་སྐབས་སུ་བསྒྱུར་བ་བྱས་ཐོག སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།

རྩོམ་ཡིག་ནང་། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་འདི་ཁོང་དུ་དམ་པོར་ཆུད་པ་བྱས་ཏེ། ཐོན་སྐྱེད་དང་། བགོ་བཤའ། འཁོར་རྒྱུག འཛད་སྤྱོད་བཅས་ལྷུ་ཚིགས་ཁག་གིས་རྒྱལ་ནང་གི་ཁྲོམ་རར་དེ་བས་མང་བ་བརྟེན་ནས་འཁོར་རྒྱུག་བཟང་པོ་ཡོང་བ་བྱེད་དགོས། རྒྱལ་ནང་གི་འཁོར་རྒྱུག་ཇི་ཙམ་བདེ་བླག་བྱུང་ཚེ། དེ་ཙམ་གྱིས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོས་གཙོ་གཟུགས་བྱེད་པ་དང་རྒྱལ་ཁབ་ཕྱི་ནང་གི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་སྐྲུན་རྒྱུར་ཕན་ཐོགས་ཡོད་ཅེས་བསྟན་ཡོད།

རྩོམ་ཡིག་ནང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་ལེགས་འགྱུར་དང་བརྟན་དུ་གཏོང་དགོས། འགག་རྩའི་དུས་སུ་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་ལ་གནས་ཚུལ་མ་ཐོན་པ་བྱ་རྒྱུ་ནི་རྒྱལ་ཁབ་ཆེན་པོའི་དཔལ་འབྱོར་ལ་ངེས་པར་དུ་ལྡན་དགོས་པའི་ཁྱད་ཆོས་གལ་ཆེན་ཞིག་ཡིན། བཟང་ཆ་སྔར་བས་འདོན་སྤེལ་དང་ཞན་ཆ་ཁ་གསབ་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་དང་མཚམས་ཚིགས་སུ་རང་བདག་ཚོད་འཛིན་ཐུབ་པ་དང་བདེ་འཇགས་ཡིན་ལ་བློས་འགེལ་ཆོག་པའི་རྒྱལ་ནང་གི་ཐོན་སྐྱེད་མཁོ་སྤྲོད་མ་ལག་ཅིག་སྐྲུན་དགོས་ཞེས་བསྟན་ཡོད།

རྩོམ་ཡིག་ནང་། གྲོང་ཁྱེར་ཅན་ལ་འགྱུར་བའི་འཐབ་ཇུས་འཐུས་ཚང་དུ་བཏང་ནས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་ཡོང་བ་བྱ་རྒྱུ་དེ་གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་རྨང་གཞིའི་དམིགས་འབེན་དུ་བཟུང་བ་དང་། མི་ལྟེ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་བཏང་ནས། གྲོང་ཁྱེར་སྔར་ལས་སྐྱོན་བྲལ་དང་། སྔར་ལས་བདེ་འཇགས། སྔར་ལས་གནས་སྡོད་ལ་འཚམ་པ་བཅས་ཡོང་བ་བྱ་དགོས་ཞེས་བསྟན་ཡོད།

རྩོམ་ཡིག་ནང་། ཚན་རྩལ་འཕེལ་རྒྱས་གཏོང་བར་གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་ཚད་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཚན་རྩལ་ལ་མ་དངུལ་གཏོང་ཤུགས་དང་ཐོན་སྐྱེད་གྲུབ་ཆ་ལེགས་སྒྲིག་དང་ལེགས་སྒྱུར་བྱས་ཏེ། ཚན་རྩལ་གྱི་གྲུབ་འབྲས་བརྗེ་སྒྱུར་ལམ་སྲོལ་གསར་གཏོད་བྱེད་དགོས། མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་མ་ལག་གི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱེད་ཤུགས་ཟབ་ཏུ་བཏང་ཐོག མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཐོ་ཚད་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཆར་འགོད་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། རྩེ་རིམ་ཇུས་འགོད་ཐད་ནས་སྤྱི་པའི་འཕྲོད་བསྟེན་མ་ལག་གིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་བཟུང་བའི་གནས་བབ་མཐོ་རུ་གཏོང་དགོས་ཞེས་བསྟན་ཡོད། །

 


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

༄༅། ། ཞི་ཅིན་ཕིང་གིས་ཨར་སའེ་པོ་ལི་ཝེ་ཡའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། ཞི་ཅིན་ཕིང་གིས་ཀྲུང་གོ་ཟློས་གར་སློབ་གླིང་ལ་འཕྲིན་ལན་སྤྲིངས་གནང་བ། ཨ་འགོག་ཁྲའོ་རོཊ་བྱས་ནས་ལོ་ངོ་༧༠འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན། ཞི་ཅིན་ཕིང་གིས་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་ལ་ཐུགས་གསོའི་གློག་འཕྲིན་གནང་བ། སྤྱི་ཁྱབ་ཧྲུའུ་ཅིར་སྙན་སེང་ཞུ་བ་ཞེས་པ་སྟེ། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ལེའུ་གསར་པ་བརྩམས་པ།