གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་རྒྱལ་སྤྱིའི་ཚན་རྩལ་དང་གསར་གཏོད་གླེང་སྟེགས་སྐབས་དང་པོའི་ཚོགས་ཆེན་འགོ་ཚུགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

སྤེལ་དུས་: 2020ལོ་11ཟླ་11ཚེས་ 16:07 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས ༡༠ ཉིན་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་རྒྱལ་སྤྱིའི་ཚན་རྩལ་དང་གསར་གཏོད་གླེང་སྟེགས་ཀྱི་སྐབས་དང་པོའི་ཚོགས་ཆེན་འགོ་ཚུགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་གནང་ཡོད།

ཞི་ཅིན་ཕིང་གིས། དེང་སྐབས་འཛམ་གླིང་དུ་རེས་འཁོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ཡར་ངོའི་ཟླ་ལྟར་གོང་འཕེལ་འགྲོ་ཡོད་པས་མིའི་རིགས་ཀྱི་འཕེལ་རྒྱས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་དང་འགྲན་རྩོད་ལ་ཁ་གཏད་གཅོག་ཆེད་ཐབས་ལམ་གསར་པ་མཁོ་འདོན་བྱས་ཡོད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ཚན་རིག་ལག་རྩལ་གྱིས་མིའི་རིགས་ཡོངས་ལ་བདེ་སྐྱིད་སྐྲུན་དགོས། མིག་སྔར། གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་སོགས་ཀྱི་འགྲན་རྩོད་སྣ་ཚོགས་འཕྲད་བཞིན་ཡོད། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་ཚན་རྩལ་གསར་གཏོད་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དེ་བས་སྒོ་དབྱེ་ཁོག་ཡངས་དང་གཉིས་ཕན་མཉམ་སྤྱོད་ཀྱི་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་སྤེལ་རེས་ལ་སྐུལ་འདེད་བཏང་ནས། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་དང་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་འགན་ལེན་བྱ་ཆེད་ལེགས་སྐྱེས་འབུལ་འདོད་ཡོད། པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་མཉམ་དུ་རྒྱལ་སྤྱིའི་ཚན་རྩལ་དང་གསར་གཏོད་གླེང་སྟེགས་ཀྱི་ཚོགས་ཆེན་འཚོགས་ནས། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ལ་སྤེལ་རེས་དང་མཉམ་ལས་བྱེད་པའི་སྟེགས་བུ་གལ་ཆེན་བསྐྲུན་རྒྱུ་རེད། ཚོགས་ཆེན་ཐོག་གསར་གཏོད་ཀྱིས་རྒྱུན་མཐུད་གོང་འཕེལ་ལ་ནུས་པ་འདོན་སྤྲོད་བྱེད་ཅེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་བློ་བསྡུས་དགེ་འཚོལ་དང་། ངོས་འཛིན་གཅིག་མཐུན་ཡོང་བ། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཐོག ཚན་རྩལ་གསར་གཏོད་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་ནན་གསུངས་གནང་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཁོང་ལ་མཛའ་གྲོགས་བྱས་རྗེས་ཀྱི་གཟེངས་རྟཊ་གནང་བ། ཞི་ཅིན་ཕིང་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ནང་ཞུགས་པ། ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་སྟེ་ཀྲུང་གོ་དང་དབྱི་ཐ་ལིའི་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་༥༠འཁོར་བར་རྟེན་འབྲེལ་ཞུས་གནང་བ། ༼བདེན་འཚོལ༽དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙོ་ཐཱ་ཅི་སི་དང་ལྷན་དུ་ཀྲུང་གོ་ཐག་རིང་རྒྱ་མཚོའི་སྐྱེལ་འདྲེན་ པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་གཟིགས་སྐོར་གནང་བ།