གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གི་རྣམ་བཤད་གཅེས་བསྡུས་འདིའི་དབྱིན་ཡིག་དཔར་མ་བཀྲམ་པ།

སྤེལ་དུས་: 2020ལོ་12ཟླ་14ཚེས་ 11:18 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི་༼ཞི་ཅིན་ཕིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་བྱེད་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་གཅེས་བསྡུས༽ཀྱི་དབྱིན་ཡིག་དཔར་མ་དེ་ཉེ་དུས་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་རེད།

༼ཞི་ཅིན་ཕིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་བྱེད་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་གཅེས་བསྡུས༽ཀྱི་རྒྱ་ཡིག་དཔར་མ་དེ་སྤྱི་ལོ ༢༠༢༠ ལོའི་ཟླ ༡༠ པར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་པ་དང་། དེའི་ནང་བློ་མཐུན་ཞི་ཅིན་ཕིང་གི་འབྲེལ་ཡོད་རྩོམ་ཡིག་གལ་ཆེན ༤༣ བསྡུས་ཡོད་པ་རེད། ཕྱི་རྒྱལ་གྱི་ཀློག་པ་པོས་ལྟ་ཀློག་དང་གོ་བ་ལེན་རྒྱུར་སྟབས་བདེ་བསྐྲུན་ཆེད། དབྱིན་ཡིག་དཔར་མའི་ནང་ཚིག་འགྲེལ་དང་གསལ་བྱང་བཀོད་ཡོད། དེབ་འདིའི་དབྱིན་ཡིག་དཔར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་ཕྱི་རྒྱལ་གྱི་ཀློག་པ་པོས་བློ་མཐུན་ཞི་ཅིན་ཕིང་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་དང་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་མ་ལག་འཛུགས་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ལག་ལེན་དངོས་ལ་སྒོ་ཀུན་ནས་ཤེས་རྟོགས་གཏིང་ཟབ་བྱ་རྒྱུ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་ནས་ལེགས་གྲུབ་ལྡན་པའི་ངང་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་བཅག་པ་དང་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་སླར་གསོ་དང་གོང་འཕེལ་གཏོང་རྒྱུའི་ཐད་དཀའ་སྤྱད་འབད་འཐབ་གནང་ཞིང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་ཐད་ཤེས་རྟོགས་བྱ་རྒྱུར་ཕན་ཐོགས་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྲུང་གོའི་ལམ་ལུགས་ཀྱི་བཟང་ཆ་ཆེན་པོར་ངོས་འཛིན་ཡང་དག་བྱ་རྒྱུ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུའི་ནང་དོན་ཕུན་སུམ་ཚོགས་པོ་ཤེས་རྟོགས་གཏིང་ཟབ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དེབ་རྐྱང་པ་འདི་པར་དུ་སྐྲུན་འདུག ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་དམག་དོན་སྦྱོང་བརྡར་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ལན་ཆ་བཟང་པོ་བྱུང་བ། ཝུའུ་དབྱིང་ཅེས་ནག་ཆུའི་དཔལ་མགོན་རྫོང་དུ་བརྟག་ཞིབ་གནང་བར་ཕེབས་པ། བོད་ཀྱིས་གཞི་རིམ་ཏང་རྩ་འཛུགས་ལེཌ་གྲས་བརྒྱ་ལ་གཟེངས་བསྟོད་བྱས་འདུག