གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝུའུ་དབྱིང་ཅེས་ནག་ཆུའི་དཔལ་མགོན་རྫོང་དུ་བརྟག་ཞིབ་གནང་བར་ཕེབས་པ།

སྤེལ་དུས་: 2020ལོ་12ཟླ་01ཚེས་ 16:03 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༡༡ ཚེས ༣༠ ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ཁོང་རང་ཉིད་ཀྱི་དབུལ་སྐྱོར་འབྲེལ་གཏུག་ས་ཚིགས་ཏེ། ཆ་སྙོམས་ས་བབ་མཐོ་ཚད་སྨི ༤༧༥༠ ཡན་གྱི་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དུ་ཕེབས་ནས། ས་བབ་ཧ་ཅང་མཐོ་བ་དང་། གནམ་གཤིས་ཧ་ཅང་གྲང་བ། ས་ཐག་ཧ་ཅང་རིང་བའི་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་ཞིང་། ཚང་མར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་སྦྲགས། ས་གནས་ས་ཐོག་ཏུ་ཐོན་ལས་འཕེལ་རྒྱས་དང་། སྲིད་ཇུས་དོན་འཁྱོལ། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན། གཞི་རིམ་ལས་དོན་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

ཝུའུ་དབྱིང་ཅེས་དཔལ་མགོན་རྫོང་ཕྱིང་ལུང་ཤང་གདོང་དཀར་གྲོང་ཚོའི་ན་ཆེན་དམངས་སྲོལ་སྦྲ་གུར་ཡུལ་སྐོར་མགྲོན་ཁང་དུ་སློབ་ཆེན་ཐོན་པའི་ལས་གཏོད་པ་དང་གླེང་མོལ་གནང་བཞིན་པ།

ཝུའུ་དབྱིང་ཅེས་དཔལ་མགོན་རྫོང་ཕྱིང་ལུང་ཤང་གདོང་དཀར་གྲོང་ཚོའི་ན་ཆེན་དམངས་སྲོལ་སྦྲ་གུར་ཡུལ་སྐོར་མགྲོན་ཁང་དུ་ཕེབས་ནས་ལས་གཏོད་པ་ནོར་ལྷ་དང་དབང་ཕྱུག་གཉིས་ལ་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ། སློབ་ཆེན་ཐོན་པའི་སློབ་མའི་ལས་གཏོད་སྐོར་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་ཁོང་ཚོས་ལོངས་སྤྱོད་ཐུབ་པ་དང་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་འབྲས་བུ་ཐོབ་སྟེ། མང་ཚོགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པར་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞིང་འབྲོག་པར་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས། མང་ཚོགས་ཡུལ་སྐོར་འཕེལ་རྒྱས་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་མ་གཏོང་བ་དང་ཀྲུང་དབྱང་གིས་བོད་ལ་གནང་བའི་གཟིགས་སྐྱོང་སྲིད་ཇུས་ཁག་དྲིལ་བསྒྲགས་ཡག་པོ་བྱས་ཏེ་ཚང་མས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་ཚོར་བ་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

ཝུའུ་དབྱིང་ཅེས་དཔལ་མགོན་རྫོང་ཕྱིང་ལུང་ཤང་གདོང་དཀར་གྲོང་ཚོའི་ལས་བྱེད་པ་དང་སྤེལ་རེས་གནང་ནས། ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་བཞིན་པ།

ཐོན་ལས་འཕེལ་རྒྱས་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་ཕྱིང་ལུང་ཤང་གིས་མི་དང་། རྩྭ་ཐང་། ཕྱུགས་རིགས་བཅས་མ་རྐང་ནང་ཞུགས་ནས་མཉམ་ལས་ཁང་འཕེལ་རྒྱས་བཏང་སྟེ། ཞབས་ཞུའི་ལས་རིགས་དང་། དེང་རབས་གསོ་ཚགས་ལས་རིགས། རིག་གནས་ཡུལ་སྐོར་ལས་རིགས། ཚོང་དོན་འཁོར་རྒྱུག་ལས་རིགས་སོགས་ཐོན་ལས་སྣ་ཚོགས་གཉེར་སྐྱོང་བྱས་པས། སྤྱི་ལོ ༢༠༢༠ ལོར་མི་རེར་ཆ་སྙོམས་ཡོང་འབབ་སྒོར ༨༦༩༤.༢ བྱུང་ཡོད། ཝུའུ་དབྱིང་ཅེས་ཀུང་སིར་ཕེབས་ནས་ཐོན་རྫས་འགྲེམས་སྟོན་ལ་གཟིགས་པ་དང་། ཀུང་སིའི་གཉེར་སྐྱོང་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྲོམ་རའི་བྱེད་པོ་སྣ་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སེམས་ཁུར་ཆེན་པོ་བྱས་ནས་གཟིགས་སྐྱོང་སྲིད་ཇུས་མང་པོ་བཏོན་ཏེ་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀུང་སིས་ཕུགས་ལ་དམིགས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་གཞིགས་པ་དང་། ལས་སྒོའི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ། བློ་གཅིག་སེམས་གཅིག་གིས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་ཡག་པོ་བྱེད་པ། ས་གནས་ཀྱི་འཕེལ་རྒྱས་དང་མང་ཚོགས་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་དཔལ་མགོན་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་བཞིན་པ།

དཔལ་མགོན་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་རྗེས། ཝུའུ་དབྱིང་ཅེས་ང་ཚོས་དོན་དངོས་ལ་གཞི་ཚུགས་པ་དང་། དགེ་སྤེལ་སྐྱོན་སྤོང་། ལས་དོན་གཙོ་བོར་དམིགས་པ་བཅས་བྱས་ཏེ། ཤང་རེར་མཉམ་ལས་ཁང་རེ་དང་གྲོང་ཚོ་རེར་མཉམ་ལས་ཁང་རེའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་འབྲི་གཡག་བཤས་གཏོང་དང་རིག་གནས་ཡུལ་སྐོར་ཐོན་ལས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་ས་དང་སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པའི་སྒོ་ནས་ཐོན་ལས་འཕེལ་རྒྱས་ནང་མཉམ་འདྲེས་ཐུབ་པ་བྱས་ཏེ། ལས་ཞུགས་བརྟན་པོ་ཐུབ་པ་དང་ཡོང་འབབ་བརྟན་པོ་ཡོང་བ་བྱེད་དགོས། གྲང་ཕྲེང་ཟོག་འགྲེམས་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྲོག་གཅོད་དང་འཚོང་རྒྱུར་འཛེམ་པའི་མང་ཚོགས་ཚོའི་ལྟ་བར་འགྱུར་ལྡོག་གཏོང་བ་དང་། ཟས་རིགས་ཐོན་རྫས་སུ་འགྱུར་བ་དང་ཐོན་རྫས་ཚོང་ཟོག་ཏུ་འགྱུར་བ། ལྗང་མདོག་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། ཚན་རིག་དང་མཐུན་ལ་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བཅས་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློར་དམ་པོར་དམིགས་ནས། དོན་དངོས་ལ་བསྟུན་རྒྱུ་མཐའ་འཁྱོངས་དང་། གཞི་ཁྱོན་དང་གཅིག་སྡུད་འོས་འཚམ་ཡོང་བའི་རྩ་དོན་ལ་གཞིགས་པ། ས་བབ་མཐོ་བའི་སྣོད་བཅུད་གནས་སྤོ་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་དགོས། ཆོས་ལུགས་ཀྱི་ད་ཡོད་གནས་ཚུལ་ལ་བརྟག་ཞིབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས། དགོན་སྡེའི་གྲྭ་བཙུན་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་དད་ལྡན་མང་ཚོགས་ཚོར་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་འགྱུར་བར་མུ་མཐུད་སྐུལ་འདེད་གཏོང་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། མང་ཚོགས་ཚང་མ་སྒྲིག་འཛུགས་དང་གཅིག་སྒྲིལ་ཐུབ་པ་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་དམག་དོན་སྦྱོང་བརྡར་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ལན་ཆ་བཟང་པོ་བྱུང་བ། ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། ཞི་ཅིན་ཕིང་དང་སློབ་གྲྭ་ཆེན་མོ་བའི་གྲོགས་པོ་རྣམ་པ་ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ། ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་མོལ་ཐེངས་བཅུ་གཉིས་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་བ།