སྤྱི་ཟླ ༡༡ པའི་ཚེས ༢༥ ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་དམག་དོན་སྦྱོང་བརྡར་ཚོགས་འདུའི་ཐོག་སྒོ་ཀུན་ནས་དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། སྒོ་ཀུན་ནས་སྦྱོང་བརྡར་ཆུ་ཚད་དང་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ཉན་གྲུབ་རྗེས། དཔོན་དམག་རྣམས་ལ་སྐུལ་མ་ཆེན་པོ་ཐེབས་པ་དང་། ཚང་མས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ངེས་པར་དུ་ལག་བསྟར་གཏིང་ཟབ་བྱེད་པ་དང་དུས་རབས་གསར་པའི་དམག་དོན་བྱེད་ཕྱོགས་ལག་ལེན་བསྟར་བ། དམག་འཐབ་ནུས་པའི་ཚད་གཞི་རྒྱུན་འཁྱོངས་བྱེད་པ། དམག་འཐབ་དངོས་ཀྱི་བླང་བྱ་དམག་དོན་སྦྱོང་བརྡར་གི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ལ་ཁྱབ་པ་བྱེད་པ་བཅས་བྱས་ནས་དམག་འཛུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་ཆེད་དུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་ཞེས་བསྟན་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཁྲོད་དམག་དོན་སྦྱོང་བརྡར་ནི་དམག་དཔུང་གི་རྒྱུན་གཏན་རང་བཞིན་གྱི་ལྟེ་བའི་ལས་དོན་ཞིག་དང་། དམག་འཐབ་ནུས་པ་ཆེ་རུ་གཏོང་བའི་གཞི་རྩའི་ཐབས་ལམ་ཞིག ཆེས་ཐད་ཀར་གྱི་དམག་འཐབ་གྲ་སྒྲིག་ཅིག་བཅས་ཡིན་པས་དམག་དཔུང་གིས་དམག་རྒྱག་ཕོད་པ་དང་། རྒྱལ་ཁ་ལེན་ཐུབ་རྒྱུར་འགན་སྲུང་བྱེད་པ་དང་། དམག་དཔུང་གི་ཁྱོན་ཡོངས་འཛུགས་སྐྱོང་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད་ཅེས་ནན་སྟོན་གནང་ཡོད།
སྐམ་དམག་མཁའ་ཐོག་དམག་གི་ལུས་ཤོག་ག་གེ་མོའི་དྲག་ཇུས་དཔོན་ཡན་ཕོང་ཀྲེས། ཡུལ་དངོས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གསན་རྗེས། ཁོ་རང་ལ་དུས་ཚོད་ཀྱིས་ང་སྒུག་མི་སྲིད་སྙམ་པའི་ཛ་དྲག་གི་ཚོར་བ་དྲག་པོ་ཞིག་བྱུང་ཞེས་གསུངས་ཡོད།
མཚོ་དམག་གྲུ་ཐོག་མཁའ་སྐྱོད་དམག་གི་པུའུ་ག་གེ་མོའི་དྲག་ཇུས་དཔོན་ལུའུ་ཁྲའོ་ཧུའེ་ནི་སྔོན་ཐོན་མི་སྒེར་གྱི་གཟེངས་རྟགས་ཐོབ་པའི་མི ༢༣ གྱི་གྲས་ཤིག་རེད། ཁོང་གིས་ལོ་འཁོར་མོ་དམག་དཔུང་གི་སྣེ་ཁྲིད་དེ་མཁའ་མཚོ་གཉིས་ཀྱི་འཐབ་ས་དང་པོར་བརྟན་སྲུང་གནང་བཞིན་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་ཁྲོད་དུ་དམག་འཐབ་དངོས་ཀྱི་སྦྱོང་བརྡར་དང་མཉམ་འཐབ་མཉམ་སྦྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་གསུངས་པར་ཁོང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས། གོམ་སྟབས་རྗེས་མར་ང་ཚོས་དམག་རྒྱག་གྲ་སྒྲིག་བྱེད་པ་དང་། དམག་འཐབ་དངོས་ཀྱི་ཐོག་ནས་སྦྱོང་བརྡར་ལ་སྣེ་ཁྲིད་བྱེད་པ། སྦྱོང་བརྡར་ཐོག་ནས་དམག་འཐབ་དངོས་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
མིག་སྔར། རང་རྒྱལ་གྱི་བདེ་འཇགས་ཁོར་ཡུག་དང་། དམག་དོན་འཐབ་རྩོད་རྣམ་པ། རང་དམག་གི་འགན་འཁྲིའི་ལས་འགན་སོགས་ལ་འགྱུར་ལྡོག་གསར་པ་བྱུང་ཡོད། མཁའ་དམག་མཁའ་སྐྱོད་དམག་གི་ལུས་ཤོག་ག་གེ་མོའི་འཕུར་སྐྱོད་རུ་དཔོན་ཆེའུ་ལིན་ཧུའེ་ཡིས། ང་རང་དམག་སྦྱོང་དམག་གྲབས་ཀྱི་འཐབ་ས་དང་པོའི་སྟོབས་ཤུགས་ཤིག་ཡིན་པའི་ཆ་ནས་ཀྲུའུ་ཞིའི་བཀའ་རྒྱར་ཉན་པ་དང་ཀྲུའུ་ཞིའི་མཛུབ་སྟོན་དོན་འཁྱོལ་བྱེད་པར་ངེས་པར་དུ་བསམ་བློར་སྦྱོང་བརྡར་དང་། སྤྱོད་ཚུལ་ལ་སྦྱོང་བརྡར་གྱིས་དམག་ཧྲག་ལུས་ཤོག་འཛུགས་དགོས་ཞེས་གསུངས་ཡོད།
དྲག་ཆས་ཉེན་རྟོག་དཔུང་སྡེའི་ཀྲེ་ཅང་སྤྱི་ཁྱབ་རུ་ཁག་གི་ཕྱོགས་བསྡུས་སྦྱོང་བརྡར་ཁུལ་ཞིག་ལ། བཟོ་དམག་གི་འབར་གས་ངོ་མའི་ལས་སྒྲུབ་སོགས་ཉེན་ཁ་ཆེ་བའི་སློབ་ཚན་སྦྱོང་བརྡར་བྱེད་བཞིན་ཡོད། དམིགས་གསལ་དམག་འཐབ་དཔོན་དམག་རྣམས་ནས་གསུང་བཤད་ཀྱི་དགོངས་པར་སློབ་སྦྱོང་ནན་ཏན་བྱས་པ་དང་། སྦྱོང་བརྡར་ཁྲོད་ཀྱི་ཞན་ཆ་དང་མི་འདང་བའི་སར་གཞིགས་ནས་བསྐྱར་དཔྱད་ཕྱོགས་སྡོམ་བྱས་ཡོད། དྲག་ཆས་ཉེན་རྟོག་དཔུང་སྡེའི་ཀྲེ་ཅང་སྤྱི་ཁྱབ་རུ་ཁག་འཕྲུལ་འཁོར་ཡན་ལག་རུ་ཁག་གི་དམིགས་གསལ་དམག་འཐབ་རུ་དཔོན་མཱ་མིང་ཁྲའོ་ཡིས། འཇིག་སྐུལ་ལ་ངོ་རྒོལ་དང་བརྟན་ལྷིང་ལ་སྲུང་སྐྱོབ་པའི་ཁུ་ཚུར་དམག་དཔུང་ཞིག་ཡིན་པའི་ཆ་ནས་ང་ཚོས་ངེས་པར་དུ་སྒུག་མི་རུང་བ་དང་སྡོད་མི་གཅོག་པའི་རྣམ་པའི་ཐོག་ནས་དམག་རྒྱག་གྲ་སྒྲིག་བྱེད་དགོས་པ་དང་། དཀའ་ལས་ཆེ་ས་དང་དོ་ནན་ས་ནས་ཁུ་ཚུར་དམག་དཔུང་དེར་སྦྱོང་བརྡར་སྤྲད་དེ་སྟོབས་ཆེའི་དཔུང་སྡེ་འཛུགས་དགོས་ཞེས་གསུངས་ཡོད།
དཔོན་དམག་རྣམས་ནས། དམག་འཐབ་དངོས་ལ་གཅིག་སྡུད་དང་། དམག་འཐབ་དངོས་དང་འབྲེལ་མཐུད་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་དམག་འཐབ་དངོས་ཅན་གྱི་དམག་དོན་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བ། སྒོ་ཀུན་ནས་དམག་སྦྱོང་དམག་གྲབས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ན་གཞི་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པའི་དམག་འཐབ་ནུས་པ་ཆེ་རུ་གཏོང་ཐུབ་ཅེས་བསྟན་ཡོད་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། ཞི་ཅིན་ཕིང་དང་སློབ་གྲྭ་ཆེན་མོ་བའི་གྲོགས་པོ་རྣམ་པ་ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ། ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་མོལ་ཐེངས་བཅུ་གཉིས་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་བ། ཞི་ཅིན་ཕིང་གིས་སྐབས་གསུམ་པའི་ཧྥ་རི་སིའི་ཞི་བདེ་གླེང་སྟེགས་ལ་བརྙན་མཐོང་ཐོག་ནས་ཤིས་ཚིག་གསུངས་པ།