གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་གླེང་སྟེཊ་འདིར་ཤིས་ཚིག་གནང་འདུག

སྤེལ་དུས་: 2020ལོ་12ཟླ་15ཚེས་ 10:37 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༡༢ པའི་ཚེས ༡༤ ཉིན། མིའི་རིགས་ཀྱི་དབུལ་སེལ་ཉམས་མྱོང་གི་རྒྱལ་སྤྱིའི་གླེང་སྟེགས་པེ་ཅིང་དུ་འཚོགས་འགོ་ཚུགས་ཡོད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་ཤིས་ཚིག་བསྐུར་གནང་བ་རེད།

ཞི་ཅིན་ཕིང་གིས། དབུལ་ཕོངས་སེལ་རྒྱུ་ནི་མིའི་རིགས་ཀྱི་ཐུན་མོང་གི་ཕུགས་བསམ་ཡིན། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་རྣམས་འཚོ་བ་ཡག་པོ་སྐྱེལ་རྒྱུ་ཡོང་བ་དེ་འབད་འཐབ་དམིགས་འབེན་ལ་བརྩི་བ་དང་། དེའི་ཆེད་དུ་ཡུན་རིང་དཀའ་སྤྱད་འབད་འཐབ་བྱས་ཡོད། སྤྱི་ལོ ༢༠༡༢ ལོ་ནས་བཟུང་། ཀྲུང་གོས་དེའི་གོང་གི་དབུལ་སྐྱོར་འགག་སྒྲོལ་གྱི་རྨང་གཞིའི་ཐོག དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཁྱོན་ཡོངས་ནས་འགོ་ཚུགས་ཡོད། ལོ་བརྒྱད་ཀྱི་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། འདི་ལོ་ཀྲུང་གོར་ད་ལྟ་ལག་བསྟར་བྱེད་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཚང་མ་དབུལ་གྲོལ་ཐུབ་ཡོད་པ་དང་། དབུལ་ཕོངས་རྫོང་ཚང་མ་དབུལ་ཞྭ་ཕུད་ཐུབ་པ། གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དུང་ཕྱུར་གཅིག་ཙམ་དབུལ་གྲོལ་ཐུབ་པ་བཅས་བྱུང་ནས། གོ་ལ་ཧྲིལ་པོའི་དབུལ་སེལ་བྱ་གཞག་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ཀྲུང་གོས་མུ་མཐུད་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་དང་། མི་དམངས་ཀྱི་བདེ་སྐྱིད་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། མིག་སྔར། རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་འགོས་ཁྱབ་འགྲོ་བཞིན་ཡོད་པས། དབུལ་སེལ་བྱ་གཞག་ལ་འགྲན་རྩོད་དྲག་པོ་འཕྲད་ཡོད། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དབུལ་སེལ་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། གླེང་སྟེགས་དང་ཚོགས་ཞུགས་མི་སྣས་དབུལ་སེལ་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱེད་པ་དང་། ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་པ། དབུལ་སེལ་སེམས་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས། གོ་ལ་ཧྲིལ་པོའི་དབུལ་སེལ་འཕེལ་རིམ་མགྱོགས་སུ་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གི་རྣམ་བཤད་གཅེས་བསྡུས་འདིའི་དབྱིན་ཡིག་དཔར་མ་བཀྲམ་པ། ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དེབ་རྐྱང་པ་འདི་པར་དུ་སྐྲུན་འདུག ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་དམག་དོན་སྦྱོང་བརྡར་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ལན་ཆ་བཟང་པོ་བྱུང་བ། མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་སྐོར་གྱི་ཚོགས་འདུ་གལ་ཆེན་ཞིག